For Tibetan

བོད་རིགས་ལ་ཆེད་བསྒྲིགས་ལེ་ཚན།


ལྷ་ཡིས་ཁྱོད་ལ་ཤེས་དགོས་པའི་དོན་བཞི་བཏོན་ཡོད།

4 things, GOD wants you to know

1. ཁྱོད་རང་ལ་སྐྱབས་དགོས་ཀྱི་རེད། That you need to be saved

མི་ཐམས་ཅད་ཀྱིས་སྡིག་པ་བྱས་ནས། ལྷ་ཡི་དཔལ་དང་བྲལ་བའོ།། རོ་མཱ་པ་ 3:23“For there is no difference; for all have sinned and fall short of the glory of GOD.” Romans 3:22,23
སྙིང་ནི་ཅི་ཐམས་ཅད་པས་གཡོ་སྒྱུ་ཅན་དང་། ཚོད་མེད་བསྟན་བཤིག་སྟེ། སུས་དེ་རྟོགས་པར་ནུས་སོ།། ཡེ་རེམ་ཡཱ་ 17:9“The heart is deceitful above all things, and desperately wicked; who can know it?” Jeremiah 17:9
ངེད་ཐམས་ཅད་མི་གཙང་བའི་རྫས་དང་། ངེད་ཅག་གི་དྲང་བ་ཉིད་ཐམས་ཅད་ནི་གྲིབ་ཅན་གྱི་གོས་ཧྲུལ་དང་འདྲའོ།། ཡེ་ཤ་ཡཱ་ 64:6“We are all like an unclean thing, and all our righteousnesses are like filthy rags.” Isaiah 64:6
ངེད་ཐམས་ཅད་ལུག་ལྟར་གོལ་ཏེ། རེ་རེ་བཞིན་རང་རང་གི་ལམ་དུ་ཞུགས་སོ།། ཡེ་ཤ་ཡཱ་ 53:6 ()“All we like sheep have gone astray; we have turned, every one, to his own way.” Isaiah 53:6a  
མི་ཞིག་ཡང་སྐྱར་མ་སྐྱེ་ན། ལྷ་ཡི་རྒྱལ་སྲིད་མཐོང་བར་མི་ནུས་སོ།། ཡོ་ཧ་ནན་ 3:3“Unless one is born again, he cannot see the kingdom of GOD.” John 3:3

2. ཁྱོད་རང་གིས་རང་ཉིད་སྐྱོབ་ཐོབ་ཀྱི་མ་རེད། That you cannot save yourself

མིས་དྲང་པོར་རིག་པའི་ལམ་ཡང་ཡོད། འོན་ཀྱང་དེའི་མཐའ་རུ་འཆི་བའི་ལམ་རྣམས་ཡོད་དོ།། ལེགས་བཤད་  14:12“There is a way that seems right to a man, but its end is the way of death.” Proverbs 14:12  
བཀའ་ཁྲིམས་ཐམས་ཅད་སྲུང་ཡང་གཅིག་ལ་འགལ་ན། ཐམས་ཅད་ལ་འགལ་མཁན་དུ་འགྱུར་རོ།། ཡ་ཀོབ་ 2:10“For whoever shall keep the whole law, and yet stumble in one point, he is guilty of all.” James 2:10
བཀའ་ཁྲིམས་ཀྱི་ལས་ཀྱིས་དྲང་པོར་མ་འགྱུར་རོ།། ག་ལད་ཡཱ་པ་ 2:16“A man is not justified by the works of the law.” Galatians 2:16
ཡེ་ཤུས་ང་ནི་ལམ་དང། བདེན་པ་ཉིད་དང་། སྲོག་དེ་ཡིན། ང་མ་རྒྱུད་པར་སུའང་ཡབ་ཀྱི་དྲུང་དུ་མི་བསླེབ་བོ།། ཡོ་ཧ་ནན་ 14:6“JESUS said to him: I am the way, the truth, and the life. No one comes to the Father except through Me.” John 14:6  
ཡེ་ཤུ་མཱ་ཤི་ཀ་་་་་་ང་ཚོ་ཐར་བའི་ཕྱིར་མིའི་ནང་ན་མཚན་འདི་མི་གཏོགས་པར་གཞན་ཞིག་ནམ་མཁའི་འོག་ཏུ་གནང་བ་མ་ཡིན་པས། གཞན་སུ་ལས་ཀྱང་ཐར་པ་མི་འབྱུང་ངོ་།། མཛད་པ་ 4:12“JESUS CHRIST … nor is there salvation in any other, for there is no other name under heaven given among men by which we must be saved.” Acts 4:10,12

3. ཡེ་ཤུ་མཱ་ཤི་ཀས་དུས་ནམ་ཡང་སྐྱོབ་པའི་གྲ་སྒྲིག་བཟོ་ཚར་བ་རེད། That Jesus Christ has already taken care for salvation

ཁོང་ལ་དད་པ་བྱེད་པ་རྣམས་མི་འཆི་བར་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར། ལྷ་ཡིས་ཉིད་ཀྱི་སྲས་གཅིག་པུ་གནང་བ་ཙམ་དུ་འཇིག་རྟེན་ལ་བྱམས་པར་མཛད་དོ།། ཡོ་ཧ་ནན་ 3:16“For GOD so loved the world that He gave His only begotten Son, that whoever believes in Him should not perish but have everlasting life.” John 3:16  
མཱ་ཤི་ཀ་ཡེ་ཤུ་་་་་་ དམན་ས་བཟུང་ཞིང་རྒྱང་ཤིང་ཁར། གྲོངས་པ་ཙམ་དུ་བཀའ་འབངས་མཛད་དོ།། ཕི་ལིབ་པི་ 2:8“CHRIST JESUS … He humbled himself, and became obedient unto death, even the death of the cross.” Philippians 2:8  
ངེད་ཐམས་ཅད་ཀྱི་ཉེས་པ་གཙོ་བོས་དེ་ལ་བཀལ་ཏོ།། ཡེ་ཤ་ཡཱ་ 53:6 ()“The LORD has laid on Him (CHRIST) the iniquity of us all.” Isaiah 53:6b  
ཁོང་གི་སྒོ་ནས་ང་ཚོ་ལྷ་ཡིས་དྲང་པོ་རྩི་བའི་ཕྱིར། སྡིག་པ་མི་མཁྱེན་པ་ཁོང་ང་ཚོའི་དོན་དུ་སྡིག་པ་ལྟར་མཛད་དོ།། ༢ ཀོ་རིན་ཐུ་པ་ 5:21  “For He made Him (CHRIST) who knew no sin to be sin for us, that we might become the righteousness of GOD in Him.”
2 Corinthians 5:21  
ང་ཚོ་ལྷ་ཡི་དྲུང་དུ་འདྲེན་པའི་ཕྱིར། མཱ་ཤི་ཀ་དྲང་པོ་དེས་སྡིག་ཅན་ལོག་པ་རྣམས་ཀྱི་དོན་དུ་ལན་གཅིག་སྡུག་བསྔལ་བཞེས་སོ།། ༡ པེ་ཏྲོ་ 3:18“For CHRIST also suffered once for sins, the just for unjust, that He might bring us to GOD.” 1 Peter 3:18

4. ཁྱོད་རང་ལ་ཡེ་ཤུ་མཱ་ཤི་ཀ་མེད་ན་མཐའ་མེད་པའི་སྡུག་བསྔལ་མྱོང་དགོས། That without Jesus Christ you are lost forever

ཁྱེད་ཚོས་ང་དེ་ཉིད་ཡིན་པ་ལ་མི་དད་ན། རང་གི་སྡིག་པའི་ནང་འཆི་བར་འགྱུར་རོ།། ཡོ་ཧ་ནན་  8:24“If you do not believe that I (CHRIST) am He, you will die in your sins.” John 8:24
ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་མེ་དོང་གི་ནང་དུ་དབྱུག་པར་བྱའོ།། མད་ཐཱ་ 13:42“… and will cast them into the furnace of fire. There will be wailing and gnashing of teeth.” Matthew 13:42  
མེ་ལྕེ་འབར་བའི་ནང་ན་གཙོ་བོ་ཡེ་ཤུ་ཉིད་ཀྱི་ཕོ་ཉ་མཐུ་ལྡན་གྱི་འཁོར་དང་བཅས་ནམ་མཁའ་ནས། ལྷ་ལ་ངོ་མི་ཤེས་པ་དང་ང་ཚོའི་གཙོ་བོ་ཡེ་ཤུའི་ཕྲིན་བཟང་ལ་མ་ཉན་པ་རྣམས་ལ་ཆད་པ་གཅོད་ཕྱིར་མངོན་པར་བྱོན་པའི་ཚེ། དེ་ཚོར་གཙོ་བོའི་སྤྱན་སྔ་ནས་མཐུ་སྟོབས་ཀྱི་དཔལ་ལས་ཕྱིར་སྐྲོད་པ་དང་།  མཐའ་མེད་པའི་འཆི་བའི་ཆད་པ་དེ་དག་ལ་འཕོག་པར་འགྱུར་རོ།། ༢ ཐེ་ས་ལོ་ནི་ཀེ་པ་ 1:8-9    “… when the LORD JESUS is revealed from heaven, … in flaming fire taking vengeance on those who do not know GOD, and on those who do not obey the gospel of our LORD JESUS CHRIST. These shall be punished with everlasting destruction from the presence of the LORD and from the glory of His power.” 2 Thessalonians 1:7-9  
འོན་ཀྱང་སྙིང་ཆུང་ངུ་དང་། དད་མེད་དང་། དམེ་བ་དང་། མི་བསད་དང་། གཡེམ་པོ་དང་། སྔགས་པ་དང་། སྐུ་འདྲ་ལ་རྟེན་མཁན་དང་། རྫུན་སྨྲ་མཁན་རྣམས་ཀྱི་སྐལ་བ་ནི་འཆི་བ་གཉིས་པ་ཡིན་པའི་མེ་དང་མུ་ཟིའི་མཚོའི་ནང་ཡོད་དོ།། མངོན་པ་ 21:8“But the cowardly, unbelieving, abominable, murderers, sexually immoral, sorcerers, idolaters, and all liars shall have their part in the lake which burns with fire and brimstone, which is the second death.” Revelation 21:8

དེའི་ཕྱིར་སེམས་སྒྱུར། Therefore: Repent!

ཁྱེད་ཚོས་སེམས་མ་སྒྱུར་ན། དེ་རྣམས་ལྟར་འཆི་བར་འགྱུར་རོ།། ལུ་ཀཱ་ 13:3“Unless you repent you will all likewise perish!” Luke 13:3
རང་གི་སྡིག་པ་དང་ཉེས་པ་ལྷ་ལ་མཐོལ་བཤགས་ཕུལ། CONFESS YOUR SINS TO GOD.
རང་གི་ཉེས་སྡིག་སྦ་མཁན་གྱི་མགོ་མི་འཐོན་གྱིས། མཐོལ་ཞིང་དེ་དག་སྤང་བ་ཀུན་ཐུགས་རྗེ་དང་ལྡན་པར་འགྱུར་རོ།།  ལེགས་བཤད་ 28:13“He who covers his sins shall not prosper: but whoever confesses and forsakes them shall have mercy.” Proverbs 28:13
དད་པ་བྱོས། BELIEVE!
གཙོ་བོ་ཡེ་ཤུ་ལ་དད་པ་བྱོས་ཤིག་དང་། ཁྱོད་རང་ཐར་བར་འགྱུར་རོ།། མཛད་པ་ 16:31“Believe on the LORD JESUS CHRIST, and you will be saved.” Acts 16:31
 མི་རྣམས་ཀྱི་མདུན་དུ་ཁོང་ལ་ངོ་ལེན་བྱོས་ཤིག CONFESS JESUS CHRIST TO THOSE AROUND YOU.
གལ་ཏེ་ཡེ་ཤུ་གཙོ་བོ་ལགས་སོ་ཞེས་ཁ་ནས་དཔང་པོ་བྱེད་ཅིང་། ལྷ་ཡིས་ཁོང་གཤིན་པོའི་ཁྲོད་ནས་བསླངས་པ་ལ་སྙིང་ནས་དད་པ་བྱེད་ན་ཐར་བར་འགྱུར་རོ། སྙིང་ནས་དད་པ་བྱེད་པ་ལ་ཐུགས་རྗེའི་ཞལ་ཆེ་ཐོབ། ཁ་ནས་དཔང་པོ་བྱེད་པ་ལ་ཐར་པ་ཐོབ་བོ།། རོ་མཱ་པ་ 10:9,10“If you confess with your mouth the LORD JESUS and believe in your heart that GOD has raised Him from the dead, you will be saved. For with the heart one believes unto righteousness, and with the mouth confession is made unto salvation.” Romans 10:9,10

Download Bilingual PDF

Download Tibetan PDF


དམ་པའི་གསུང་རབ་བོད་རྒྱ་ཤན་སྦྱར་དུ་ཕབ་ལེན་བྱེད་པ།

Tibetan-Chinese Bible Download

བོད་ཡིག་གི་པར་གཞི་རྙིང་པའི་གསུང་རབ། Tibetan Old Version (TOV, 1948, 1968)

དྲ་ཐོག་དམ་པའི་གསུང་རབ། Online Tibetan Bible (Offline-Archive: tov_html.zip)

ཞལ་ཆད་སྔ་ཕྱི་གཉིས་ཀྱི་མདོ། Old and New Testaments PDF

དམ་པའི་གསུང་རབ་ཀློག་པའི་ལོ་ཐོ། Bible Reading Calender PDF

ཉེར་སྤྱོད་མཉེན་ཆས། Tibetan Bible APP(for Android Smartphones, V7.0)


རྒྱལ་ཁབ་མང་པོའི་སྐད་རིགས་གསུང་རབ་ལ་ཕབ་ལེན་བྱེད་པ།

Download The Bible In Multiple Languages

བོད་ཡིག Tibetan Faith Hope Love (FHL) Bible PDF

རྒྱ་ཡིག Chinese Union Version (CUV), Chinese Lü Version (CLV) Bible

དབྱིན་ཡིག English King James Version (KJV) Bible

འཇར་ཡིག German Elberfelder (ELB) Bible

ཉེར་སྤྱོད་མཉེན་ཆས། Bible APP(for Android Smartphones, V5.0)

Blessed He that cometh in the Name of the Lord