༡-༢ རང་གི་ཤེས་བཟང་མེས་བསྲེགས་པའི་རྫུན་ཅན་གྱི་ཚུལ་ཆོས་ཀྱི་སྒོ་ནས་ཕྱིས་སུ་ཁ་ཅིག་ལོག་འདྲེན་གྱི་ལྷ་དང་། འདྲེའི་ཆོས་ལ་རྟེན་ཞིང་དད་པ་སྤོང་བར་འགྱུར་རོ། ཞེས་ཐུགས་ཉིད་ཀྱིས་གསལ་པོར་གསུངས་སོ།  དད་པ་ཅན་དང་བདེན་པ་རྟོགས་པ་རྣམས་ཀྱིས་གཏང་རག་འབུལ་ཞིང་ཟ་བའི་དོན་དུ་དཀོན་མཆོག་གིས་མཛད་པའི་ཁ་ཟས་མ་ཟ་ཟེར་བ་དང་། ཆུང་མའང་མ་ལེན་ཞེས་དེ་ཚོས་ཟེར་རོ། ༤-༥ དཀོན་མཆོག་གིས་མཛད་པ་ཐམས་ཅད་བཟང་པོ་ཡིན་ཏེ། གཏང་རག་འབུལ་ཞིང་ཟ་ན། དཀོན་མཆོག་གི་བཀའ་དང་སྨོན་ལམ་གྱིས་དམ་པར་འགྱུར་བས། ཅིའང་སྤོང་དགོས་མེད་དེ།  བསླབ་བྱ་འདི་རྣམས་ཁྱོད་ཀྱིས་སྤུན་རྣམས་ལ་བསྟན་ན། དད་པའི་གསུང་གིས་སྐྱངས་པ་དང་བསྟན་པ་བཟང་པོར་རྟེན་པའི་མཱ་ཤི་ཀ་ཡེ་ཤུའི་ཞབས་ཏོག་པ་བཟང་པོ་ཞིག་ཏུ་འགྱུར་བར་འགྱུར་རོ།  ཆོས་མིན་གྱི་སྒྲུང་དང་རྒན་པོའི་འཆོལ་གཏམ་སྤོངས་ཤིག ཆོས་བཞིན་སྤྱོད་པར་སྦྱོང་ཞིག  ལུས་རྩལ་སྦྱོང་བ་ཕན་ཐོགས་ཅུང་ཟད་ཡོད་ཀྱང་། ཆོས་བཞིན་སྤྱོད་པ་ནི། ཚེ་འདི་ཕྱི་གཉིས་ཀྱི་ཕྱིར་ཞལ་བཞེས་དང་ལྡན་པས། ཅི་ས་ནས་ཕན་ཐོགས་ཆེའོ།  ཞེས་པའི་གཏམ་བདེན་ཞིང་ཡིད་ཆེས་འོས་པའོ། ༡༠ མི་ཐམས་ཅད་དང་ཁྱད་པར་དུ་དད་པ་ཅན་རྣམས་ཀྱི་སྐྱབས་མགོན་ལགས་པའི་འཚོ་ཞིང་གཞེས་པའི་དཀོན་མཆོག་ལ་ང་ཚོས་རེ་བ་བྱེད་པས། འབད་པས་བརྩོན་ནོ༎
༡༡ དེ་ལྟར་སྒོ་ཞིང་སྟོན་ཅིག ༡༢ ཁྱོད་ན་གཞོན་པ་ལ་སུས་ཀྱང་ཁྱད་དུ་སད་མ་འཇུག་པར། ཁྱོད་ཀྱི་ངག་དང་། སྤྱོད་པ་དང་། བྱམས་པ་དང་། དད་པ་གཙང་མའི་སྒོ་ནས། དད་པ་ཅན་རྣམས་ཀྱི་ཕྱིར་ཁྱོད་དཔེ་རུ་གྱུར་ཅིག ༡༣ ང་འོང་བའི་བར་དུ་མི་ཚོགས་ནང་གསུང་ཀློག་པ་དང་། ཆོས་སྟོན་པ་དང་སློབ་པ་མ་ཆག་པར་གྱིས། ༡༤ རྒན་པོ་ཚོས་ཁྱོད་ཀྱི་མགོ་ལ་ཕྱག་བཞག་དུས་སུ་ལུང་བསྟན་དང་བཅས་ཐོབ་པའི་གནང་སྦྱིན་ལ་སྣང་མེད་མ་བྱེད་ཅིག ༡༥ ཁྱོད་ཀྱི་ཡར་སྐྱེད་ཐམས་ཅད་ཀྱིས་མཐོང་ཕྱིར། དེ་རྣམས་སྒྲུབ་ཅིང་དེ་ལ་འབུངས་ཤིག ༡༦ ཁྱོད་རང་དང་ཁྱོད་ཀྱི་གདམས་ངག་ལ་བྱ་ར་བྱེད་ཅིང་དེ་ལ་བརྟན་པོར་གནས་པར་གྱིས་ཤིག དེ་ནས་ཁྱོད་རང་དང་ཁྱོད་ལ་ཉན་མཁན་གཉིས་པོ་ཐར་བར་འགྱུར་རོ༎