སྐུལ་མ་ཐམས་ཅད་ལས་དང་པོ་ནི། རྒྱལ་པོ་དང་། དཔོན་པོ་དང་མི་ཐམས་ཅད་ཀྱི་དོན་དུ་གསོལ་བ་དང་། སྨོན་ལམ་དང་། ཞུ་བ་དང་། གཏང་རག་ཕུལ་ཞིག  དེ་ནས་ང་ཚོ་དུས་བདེ་དང་ཞི་འཇམ་གྱི་ནང་ཡ་རབས་ཚུལ་གྱིས་ཆོས་བཞིན་སྤྱོད་པར་ནུས་སོ། ༣-༤ དེ་ནི་མི་ཐམས་ཅད་ཐར་པ་དང་བདེན་པ་རྟོགས་ཤིང་བརྙེས་པ་ལ་དགྱེས་པའི་ང་ཚོའི་སྐྱོབ་པ་དཀོན་མཆོག་གི་སྤྱན་སྔར་བཟང་པོ་དང་ཐུགས་སུ་བྱོན་པ་ཡིན་ནོ། ༥-༦ དཀོན་མཆོག་གཅིག་ཡོད། དཀོན་མཆོག་དང་མིའི་བར་ལ་བར་མིའང་གཅིག་ཡོད། དེ་ནི་ཐམས་ཅད་ཀྱི་དོན་དུ་རང་ཉིད་བླུ་རིན་དུ་སྩལ་བའི་སྐྱེས་བུ་མཱ་ཤི་ཀ་ཡེ་ཤུ་ཡིན་ནོ། དེ་ལ་དུས་ལ་བབས་པ་དང་དཔང་པོ་བྱུང་བ་ཡིན།  ངས་རྫུན་མི་ཟེར་བར་བདེན་པ་ཟེར་ཏེ། དོན་དེའི་ཕྱིར་ང་སྒྲོག་པ་པོ་དང་། སྐུ་ཚབ་དང་། ལྷ་ཆོས་པ་རྣམས་ལ་དད་པ་དང་བདེན་པ་སྟོན་པའི་སྟོན་པར་བསྐོས་པ་ཡིན།
 གནས་ཐམས་ཅད་དུ་སྐྱེས་པ་རྣམས་ཀྱིས་ཁྲོ་བ་དང་འཐབ་འཛིང་མེད་པར། ལག་པ་གཙང་མ་ཡར་བཏེགས་ཏེ་སྨོན་ལམ་འདེབས་པར་ང་འདོད་དོ།  བུད་མེད་རྣམས་ཀྱིས་སྐྲ་བརྒྱན་པ་དང་། གསེར་དང་། མུ་ཏིག་དང་། རིན་ཆེ་བའི་གོས་ཀྱི་ཚབ་ལ། སྤམ་པ་དང་། མཁས་པ་དང་། མཛེས་པའི་གོས་གཡོགས་ཤིང་། ༡༠ ཆོས་དང་ལྡན་པའི་བུད་མེད་ལ་མཛེས་པའི་ལས་བཟང་གིས་བརྒྱན་པར་བྱོས་ཤིག ༡༡ བུད་མེད་ནི་ཁ་རོག་ཅིང་ཁ་ལ་རབ་ཏུ་ཉན་ཏེ་སློབ་དགོས། ༡༢ བུད་མེད་ཀྱིས་ཆོས་སྟོན་པའམ། སྐྱེས་པ་རྣམས་ཀྱི་ཐོག་ཏུ་འགོ་བྱེད་པའི་དགོངས་པ་ངས་མི་གཏོང་སྟེ་ཁ་རོག་ཏུ་སྡོད་དགོས། ༡༣ ཅིའི་ཕྱིར་ཞེ་ན། དང་པོར་ཨ་དམ་དང་དེ་ནས་ཧ་ཝཱ་བཟོ་བར་མཛད་པ་ཡིན། ༡༤ བདུད་ཀྱིས་ཨ་དམ་བསླུས་པར་མ་གྱུར་བར་བུད་མེད་དེ་བསླུས་པར་གྱུར་ཏེ་སྡིག་པའི་ནང་ལྟུང་བ་ཡིན། ༡༥ འོན་ཀྱང་དེ་རྣམས་དད་པ་དང་། བྱམས་པ་དང་། དམ་པ་དང་། སྤམ་པ་ལ་གནས་ན། བུ་སྐྱེད་པའི་སྒོ་ནས་དེ་ཐར་བར་འགྱུར་རོ༎