༨
སྐུ་འདྲ་ལ་ཕུལ་བའི་ཞལ་ཟས་ཀྱི་སྐོར། ང་ཚོ་ཐམས་ཅད་ལ་རིག་པ་ཡོད་པར་ཤེས་སོ། རིག་པས་ང་རྒྱལ་སྐྱེད། བྱམས་པས་ཡར་སྐྱེད་སྐྱེད་དོ། ༢ ངས་ཇི་ཞིག་ཤེས་སེམས་པ་དེས། ཇི་འདྲ་ཤེས་དགོས་པ་ད་དུང་མི་ཤེས་སོ། ༣ དཀོན་མཆོག་ལ་གཅེས་པར་འཛིན་མཁན་དེ། དཀོན་མཆོག་གིས་ཁོ་མཁྱེན་ནོ། ༤ སྐུ་འདྲ་ལ་ཕུལ་བའི་ཞལ་ཟས་སྐོར། དཀོན་མཆོག་གཅིག་མ་གཏོགས་པར། འཇིག་རྟེན་ནང་ལྷ་དང་སྐུ་འདྲ་མེད་པར་ང་ཚོས་ཤེས་སོ། ༥ གནམ་ས་གཉིས་ནང་ལྷ་ཞེས་བྱ་བ་ཡོད་དེ། ལྷ་དང་ཇོ་བོ་མང་པོ་ཡོད་རུང་། ༦ ང་ཚོར་འཇིག་རྟེན་ཧྲིལ་པོའི་འབྱུང་གནས་དང་། ང་ཚོའི་འགྲོ་ས་འབའ་ཞིག་ལགས་པའི་དཀོན་མཆོག་ཡབ་གཅིག་རང་ཡོད། འཇིག་རྟེན་ཡོངས་ཀྱི་མཛད་པོ་དང་། ང་ཚོའི་མཛད་པོ་འབའ་ཞིག་ལགས་པའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡོད།༧ འོན་ཀྱང་ཁོང་ཐམས་ཅད་ཀྱིས་མི་ཤེས་ཤིང་། ཁ་ཅིག་ད་ལྟའི་བར་དུ་སྐུ་འདྲ་ལ་གོམས་པས། ཟས་དེ་མཆོད་པར་ཕུལ་བར་རྩི་བས་ཟ་ཞིང་། དེ་དག་གི་བསམ་པ་ཞན་པས། རྨེ་འབག་པར་འགྱུར་རོ། ༨ ཁ་ཟས་ཀྱིས་ང་ཚོ་དཀོན་མཆོག་གི་ཐུགས་སུ་མི་འགྲོ། མ་ཟ་ན་མཐའ་མར་མི་ལུས། ཟ་ན་ཐོག་མར་མི་འགྱུར། ༩ ཁྱེད་ཚོའི་རང་དབང་དེ་སེམས་ཞན་པའི་སྤུན་ཚོགས་ལྟུང་བའི་རྒྱུར་མི་འགྱུར་ཕྱིར་ཟོན་བྱོས་ཤིག ༡༠ ཁྱོད་རྟོགས་པ་ལྡན་པས་ལྷ་ཁང་ནང་ཟས་ཟ་བར་རྟོགས་པ་ཞན་པ་ཞིག་གིས་མཐོང་ན། དེའི་སེམས་སུ་སྐུ་འདྲ་ལ་ཕུལ་བའི་ཟས་ཟ་བའི་སྐུལ་མ་མ་ཡིན་ནམ། ༡༡ དེ་ལྟར་གང་གི་དོན་དུ་མཱ་ཤི་ཀ་གྲོངས་པའི་སྤུན་སྟོབས་མེད་དེ་ཁྱེད་ཀྱི་རྟོགས་པའི་རྐྱེན་གྱིས་ལྟུང་ངོ་། ༡༢ དེ་ལྟར་སྤུན་ལ་ཉེས་ཤིང་། དེའི་སེམས་ཞན་པ་ལ་གནོད་པས། ཁྱེད་ཚོས་མཱ་ཤི་ཀའི་དྲུང་དུ་སྡིག་པ་བྱེད་དོ། ༡༣ དེའི་ཕྱིར་ཟས་ངའི་སྤུན་གྱི་སྣ་ཐོགས་པའི་རྡོར་འགྱུར་ན། ངའི་སྤུན་ལྟུང་དུ་མི་འཇུག་ཕྱིར་ངས་ནམ་ཡང་ཞལ་ཟས་མི་ཟའོ༎