ཕྱི་པའི་ཁྲོད་དུའང་མི་འབྱུང་བའི་འདོད་ལོག་ཁྱེད་ཁྲོད་བྱུང་སྟེ། གཅིག་གིས་རང་གི་ཕའི་ཆུང་མ་དང་འབྲེལ་བའི་སྐད་ཆ་ཐོས་སོ།  དེ་ལྟར་སྤྱོད་མཁན་ནི་ཁྱེད་ཚོའི་ཁྲོད་ནས་འདོན་པའི་ཕྱིར་མྱ་ངན་བྱེད་པའི་ཚབ་ལ། ཁྱེད་ཚོ་རློམ་མམ།  ངའི་ལུས་དེར་མེད་ཀྱང་ངའི་སེམས་ཁྱེད་ཚོའི་རྩར་ཡོད་པས། ང་རང་དངོས་སུ་ཁྱེད་ཚོ་མཉམ་ཡོད་པ་ལྟར། འདི་ལྟར་ཐག་བཅད་དོ།  གཙོ་བོ་ཡེ་ཤུའི་མཚན་ནང་། ཁྱེད་ཚོ་དང་ངའི་སེམས་ཉིད་འཛོམས་པའི་དུས་སུ།  སྡིག་ཅན་དེ་གཙོ་བོ་ཡེ་ཤུའི་ཉིན་མོར་སེམས་ཉིད་ཀྱི་ལུགས་སུ་ཐར་བའི་ཕྱིར། དེའི་ཟག་ཕུང་འཇིག་པའི་དོན་དུ་ཁོ་བདུད་ལ་གཏོད་དགོས།  ཁྱེད་ཚོའི་རློམ་སེམས་དེ་མི་ལེགས། སྐྱུར་རྩི་ཕྲན་བུས་བག་ཟན་གང་པོར་སྐྱུར་ལང་བ་མི་ཤེས་སམ།  བག་ཟན་གསར་པར་འགྱུར་ཕྱིར་སྐྱུར་རྩི་སྙིང་པ་དེ་སྤོངས། མཱ་ཤི་ཀ་ང་ཚོའི་པེ་སག་ཏུ་མཆོད་པར་གྱུར་བས། ཁྱེད་ཚོ་སྐྱུར་རྩི་མེད་པ་ཡིན།  ད་ངན་སེམས་དང་གནོད་སེམས་ཀྱི་སྐྱུར་རྩི་ཡིན་པའི་སྐྱུར་རྩི་ངན་པའི་དུས་ཆེན་མི་བྱ་བར། སྐྱུར་རྩི་མེད་པའི་དྲང་བ་དང་བདེན་པའི་བག་ལེབ་ཀྱི་དུས་ཆེན་བྱའོ༎
 མི་ཚངས་པར་སྤྱོད་པ་དང་མ་འགྲོགས་ཞེས། ངས་ཁྱེད་ལ་ཡི་གེ་བྲིས་པ་དེ་ནི། ༡༠ འཇིག་རྟེན་འདིའི་མི་ཚངས་པར་སྤྱོད་པ་པོ་འམ། སྲེད་ལྡན་ནམ། ཆོམ་པོའམ། ལྷ་ཆོས་པ་དང་ཡོངས་སུ་མི་འགྲོགས་པའི་དོན་མ་ཡིན། ཡིན་ན་ཁྱེད་ཚོ་འཇིག་རྟེན་འདི་ནས་ཕྱིར་ཐོན་དགོས་པ་ཡིན་ནོ། ༡༡ འོན་ཀྱང་སྤུན་གྱི་མིང་ཡོད་པ་ཞིག་མི་ཚངས་སྤྱོད་དམ། སྲེད་ལྡན་ནམ། ལྷ་ཆོས་པའམ། ཚིག་ངན་སྨྲ་མཁན་ནམ། ར་རོས་སམ། ཆོམ་པོ་ཡིན་ན། དེ་དང་མི་འགྲོགས་པར་དེ་དང་མཉམ་དུ་ཁ་ཟས་ཀྱང་མ་ཟ་ཞེས་འབྲིའོ། ༡༢ ཕྱི་པ་ལ་ངས་ཁྲིམས་ཅིའི་ཕྱིར་གཅོད། ནང་པ་ལ་ཁྲིམས་ཁྱེད་ཀྱིས་མི་གཅོད་དམ། ༡༣ ཕྱི་པ་ལ་ཞལ་ཆེ་དཀོན་མཆོག་གིས་གཅོད་འོང་ངོ་། ངན་པ་དེ་ཁྱེད་ཀྱི་ཁྲོད་ནས་སྐྲོད་ཅིག།