༡༢
ཨིས་ར་ཨེལ་གྱི་སྐོར་དུ་ཡོད་པའི་ཡ་ཧོ་ཝཱའི་བཀའ་མཆིད་ཀྱི་ཁལ་ནི། ནམ་མཁའ་རྣམས་རྐྱོང་བ་དང་། ས་གཞིའི་རྨང་འདིང་བ་དང་། མིའི་ནང་ན་དེའི་སེམས་ཉིད་སྐྱེད་པར་མཛད་པའི་ཡ་ཧོ་ཝཱས་འདི་སྐད་གསུང་ངོ་།  ཀྱེ་ཧོ། ངས་ཡེ་རུ་ཤ་ལེམ་ནི་མཐའི་མི་བརྒྱུད་ཐམས་ཅད་འཁོར་བའི་ཕོར་པར་བྱ་བ་དང་། ཡེ་རུ་ཤ་ལེམ་མཐའ་ནས་བསྐོར་བའི་ཚེ། ཡ་ཧུ་དཱ་ཡང་དེ་ནང་འདྲེས་པར་འགྱུར།  ངས་ཉིན་མོ་དེར་ཡེ་རུ་ཤ་ལེམ་ནི་མི་བརྒྱུད་ཡོངས་ལ་ལྕིད་ཆེ་བའི་རྡོ་རུ་བྱས་ཏེ། སའི་མི་རིགས་ཐམས་ཅད་དེའི་དགར་ལངས་ནས་འཚོགས་པར་འགྱུར་ཡང་། དེ་འདེགས་པ་ཐམས་ཅད་གཏུབ་པར་འགྱུར་རོ།  ཉིན་དེར། ཡ་ཧོ་ཝཱའི་བཀའ་ནི། ངས་རྟ་རེ་རེ་བཞིན་དུ་འདྲོག་ཏུ་བཅུག་ནས། ཞོན་མཁན་རྣམས་སྨྱོ་འབོགས་པར་བྱའི། ཡ་ཧུ་དཱའི་མི་བརྒྱུད་ཀྱི་ཁར་ཉིད་ཀྱི་སྤྱན་ཕྱེས་བཞིན་གཞག་ཀྱང་། མི་བརྒྱུད་རྣམས་ཀྱི་རྟ་ཐམས་ཅད་མདོངས་སུ་གཞུག་གོ།  ཡང་ཡ་ཧུ་དཱའི་ཇོ་བོ་རྣམས་ཀྱིས། ཡེ་རུ་ཤ་ལེམ་པ་རྣམས་ནི་དཔུང་ཆེན་གྱི་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་གི་ངང་ན་ངེད་ཀྱི་སྟོབས་ལགས་སོ། ཞེས་རང་གི་སྙིང་ན་ཟེར་བར་འགྱུར།
 ངས་ཉིན་མོ་དེར་ཡ་ཧུ་དཱའི་ཇོ་བོ་རྣམས་ཤིང་དཀྱིལ་ན་ཡོད་པའི་མེ་སླང་དང་། པང་ཁོད་ཀྱི་གཞུང་ན་ཡོད་པའི་མེ་འབར་བའི་སྤ་འབར་དང་འདྲ་བར་བྱ། དེ་དག་གི་གཡས་གཡོན་དང་མཐའ་འཁོར་ན་ཡོད་པའི་མི་བརྒྱུད་ཐམས་ཅད་ཟ་བར་འགྱུར་རོ། དེ་ནས་ཡེ་རུ་ཤ་ལེམ་ནི་སླར་ཡང་ཡེ་རུ་ཤ་ལེམ་རང་གི་ནང་དུ་ཆགས་པར་འགྱུར།
 དཱ་བིད་ཀྱི་མི་བརྒྱུད་དང་ཡེ་རུ་ཤ་ལེམ་པ་རྣམས་ཀྱིས་ཡ་ཧུ་དཱ་པ་ལས་རང་ཆེ་བར་མི་བྱེད་པའི་ཆེད་དུ། ཡ་ཧོ་ཝཱས་ཡ་ཧུ་དཱའི་གུར་རྣམས་སྔོན་དུ་སྒྲོལ་བར་བྱའོ།  ཉིན་དེར་ཡ་ཧོ་ཝཱས་ཡེ་རུ་ཤ་ལེམ་པ་རྣམས་ཀྱི་སྐྱབས་མཛད་ཅིང་། དེ་དག་གི་ནང་ན་ཡོད་པའི་འབུབ་པ་དེ་ཉིན་མོ་དེར་དཱ་བིད་འདྲ་བ་དང་། དཱ་བིད་ཀྱི་མི་བརྒྱུད་ནི་དཀོན་མཆོག་དང་འདྲ་ཞིང་། དེ་དག་གི་མདུན་ན་ཡ་ཧོ་ཝཱའི་ཕོ་ཉ་དང་འདྲ་བར་འགྱུར་བར་འགྱུར།  ཡང་ཉིན་དེར་ངས་ཡེ་རུ་ཤ་ལེམ་ལ་རྒོལ་བའི་མི་བརྒྱུད་རྣམས་སྲོག་དང་འཕྲལ་བའི་ཐབས་བྱ་ཞིང་།
༡༠ དཱ་བིད་ཀྱི་མི་བརྒྱུད་དང་ཡེ་རུ་ཤ་ལེམ་པ་རྣམས་ལ་ཐུགས་རྗེ་དང་གསོལ་འདེབས་ཀྱི་སེམས་ཉིད་བླུག་པར་བྱ་བ་དང་། དེ་དག་གིས་བསྣུན་པར་བྱས་པ་ལ་ལྟ་ཞིང་། རང་གི་བུ་གཅིག་པོའི་དོན་དུ་མྱ་ངན་བྱེད་པ་ལྟར་དེ་དག་གིས་དེའི་ཕྱིར་མྱ་ངན་བྱའོ། ཇི་ལྟར་མི་ཞིག་རང་གི་སྔོན་སྐྱེས་ཀྱི་ཕྱིར་རོ་ཁ་བའི་ནང་དུ་ལྟུང་འདྲར། དེ་དག་ལ་དེའི་ཕྱིར་རོ་ཁ་བ་མྱོང་བར་འགྱུར། ༡༡ ཉིན་དེར་མེ་གིད་དོ་ལུང་པའི་ནང་དུ་ཧ་དད་རིམ་མོན་གྱི་མྱ་ངན་དང་འདྲ་བའི་མྱ་ངན་ཆེན་པོ་ཡེ་རུ་ཤ་ལེམ་གྱི་ནང་ན་འབྱུང་བར་འགྱུར་བ་དང་། ༡༢ གྲོང་པ་གྲོང་པ་སོ་སོར། དཱ་བིད་ཀྱི་གྲོང་པ་རྣམས་སོ་སོར། དེ་དག་གི་ཆུང་མ་རྣམས་སོ་སོར། ནཱ་ཐན་གྱི་གྲོང་པ་རྣམས་སོ་སོར། དེ་དག་གི་ཆུང་མ་རྣམས་སོ་སོར། ༡༣ ལེ་ཝིའི་གྲོང་པ་རྣམས་སོ་སོར། དེ་དག་གི་ཆུང་མ་རྣམས་སོ་སོར། ཤི་མེ་ཨི་པ་རྣམས་ཀྱི་གྲོང་པ་རྣམས་སོ་སོར། དེ་དག་གི་ཆུང་མ་རྣམས་སོ་སོར། ༡༤ གྲོང་པ་ལྷག་མ་ཐམས་ཅད་ཀྱི་གྲོང་པ་རེ་རེ་བཞིན་སོ་སོར། ཡང་དེ་དག་གི་ཆུང་མ་རྣམས་སོ་སོར་ཡུལ་ཐམས་ཅད་ཀྱིས་མྱ་ངན་ཆེན་པོ་བྱེད་པར་འགྱུར་རོ༎