ཀྱེ་དམག་དཔུང་རྣམས་ཀྱི་བུ་མོ་ཁྱེད། ད་རང་དམག་དཔུང་བཞིན་ཁྱེད་ཚོགས་ལ། ངེད་མཐའ་སྐོར་ཞིང་ཨིས་ར་ཨེལ་གྱི། མི་དཔོན་དབྱུག་མས་འགྲམ་པར་བརྡེག་འོང་།
 འོན་ཀྱེ་བེད་ལེ་ཧེམ་་ཨེབ་རདཡུ་དཱའི་སྟོང་ནང་ཁྱོད་ཆུང་ན་ཡང་། ཨིས་ར་ཨེལ་ལ་སྲིད་སྐྱོང་མཛད་པའི། མི་དཔོན་ཁྱོད་ལས་ང་ལ་འབྱུང་འོང་། ཁོང་འབྱོན་པ་སྔར་ཐོག་མ་ལས་སོ།  སྐྱེ་གཟེར་འཐེབས་པ་ལ་སྐྱེ་བའི་བར། ཁོང་གིས་དེ་རྣམས་ནི་འདོར་བར་བྱ། དེའི་འོག་ཏུ་དེའི་སྤུན་ཕྱི་ལུས་རྣམས། ཨིས་ར་ཨེལ་བུ་བརྒྱུད་རྩར་འཁོར་འོང་།  སླར་ཁོང་ལང་ཞིང་ཡཱ་ཝཱེའི་མཐུ་དང་། ཡཱ་ཝཱེ་དེའི་དཀོན་མཆོག་མཚན་གྲགས་ངོར། སྐྱོང་ཞིང་དེ་དག་འཚུགས་པར་འགྱུར་བས། ད་ཁོང་ས་མཐའི་བར་འཕགས་པར་འགྱུར།  སྐྱེས་བུ་འདི་ཞི་བདེའི་རྒྱུར་འགྱུར་འོང་། ཨ་སུར་པ་ཡུལ་དུ་བསླེབ་པའི་ཚེ། ངེད་ཀྱི་རྒྱལ་ཁབ་རྣམས་སུ་འཛུལ་དུས། ངེད་ཀྱིས་དེ་ལ་རྫི་བོ་བདུན་དང་། དེད་དཔོན་བརྒྱད་མཉམ་དམག་རྒྱབ་པར་བྱ།  དེ་ཚོས་ཨ་སུར་ཡུལ་རལ་གྲི་དང་། ནིམ་རོད་ཡུལ་གྱི་རྗེན་པ་མཉམ་གཞོམ། ཨ་སུར་པ་ངེད་ཡུལ་དུ་འོང་ཞིང་། ངེད་ཀྱི་ས་མཚམས་ལ་འགོམ་པའི་ཚེ། ཁོང་གིས་ངེད་དེ་རྣམས་ལས་སྐྱོབ་འགྱུར།  ཡ་ཀོབ་ཀྱི་མི་ཕྱི་ལུས་རྣམས་ནི། མི་བརྒྱུད་མང་པོ་ཡི་གཞུང་དཀྱིལ་དུ། མི་ལ་མི་སྒུག་པ་དང་མི་ཡི། བུ་རྣམས་ཀྱི་ཕྱིར་དུ་མི་སྲིང་བའི། ཡ་ཧོ་ཝཱའི་ཟིལ་པ་དང་རྩྭ་ཐོག་གི། དྲག་ཆར་ཇི་བཞིན་འགྱུར་བར་འགྱུར་རོ།  ཡ་ཀོབ་ཀྱི་ལྷག་ལུས་ཀྱང་ཕྱི་པའི་དཀྱིལ་དང་མི་སྡེ་མང་པོའི་ཁྲོད་དུ། ནགས་ཀྱི་དུད་འགྲོའི་དཀྱིལ་ན་སེང་གེ་དང་ལུག་ཁྱུ་ནང་སེང་དར་མ་སླེབ་པ་བཞིན་འགྱུར་བར་འགྱུར་རོ། དེ་ནི་དེ་དག་གསེབ་ཏུ་རྒྱུ་དུས་རྫི་ཞིང་དུམ་བུར་གཤེག མགོན་བྱེད་སུའང་མེད་པ་བཞིན་ནོ།  དགྲའི་སྟེང་ཁྱེད་ཀྱི་ལག་པ་སྤར་བར་བྱ། ཕ་རོལ་པ་ཐམས་ཅད་འཇོམས་པར་འགྱུར།
༡༠ ཡང་ཉིན་མོ་དེར་ངས་ཁྱོད་ནང་ཡོད་པའི། རྟ་རྣམས་དགུམ་ཞིང་ཤིང་རྟ་མེད་པར་བྱ། ༡༡ ཁྱོད་ཀྱི་ཡུལ་གྱི་གྲོང་ཁྱེར་རྣམས་ཚར་གཅད། ཁྱོད་ཀྱི་རྫོང་ཡོད་དོ་ཅོག་རྟིབ་པར་བྱ། ༡༢ ཁྱོད་ཀྱི་ལག་ནས་འཕྲུལ་ཆས་མེད་པར་བྱ། སླར་ཁྱོད་རྩར་ཡང་མོ་པ་ཡོད་མི་འགྱུར། ༡༣ ཡང་ཁྱོད་ཀྱི་བཙོག་སྐུ་དང་རྡོ་རིང་རྣམས། ཁྱོད་ཀྱི་ནང་ནས་ང་ཡིས་ཚར་དུ་གཅད། སྐྱར་རང་ལག་པས་བཅོས་པར་ཕྱག་མི་འཚལ། ༡༤ ངས་ཁྱོད་ཀྱི་སྐྱེད་ཚལ་རྣམས་ཁྱོད་དཀྱིལ་ནས། འབོགས་ཤིང་ཁྱོད་ཀྱི་གྲོང་ཁྱེར་རྣམས་བསྣུབ་བོ། ༡༥ ཡང་ངའི་བཀར་མ་ཉན་པའི་མི་བརྒྱུད་ལ། ཐུགས་ཁྲོ་གཏུམ་པའི་ངང་ནས་ལན་གཞལ་ལོ༎