རང་གི་སྡུག་བསྔལ་ནང་ན་ངས། ཡཱ་ཝཱེར་བོས་ནས་ཁོང་གིས་གསན། གཤིན་ཡུལ་ཁོག་པའི་ནང་ཤེད་ནས། བོས་ནས་ཁྱེད་ངའི་སྒྲ་ལ་གསན།
༣ ཉིད་ཀྱིས་ང་ནི་གཏིང་ཟབ་ས་རྒྱ་མཚོའི་དཀྱིལ་དུ་ཕངས་པར་མཛད། ཆུ་རྣམས་ཀྱིས་ནི་ང་བསྐོར་ཏེ། ཁྱེད་ཀྱི་རྦ་རླབས་ཐམས་ཅད་དང་། ཆུ་རླབས་རྣམས་ནི་ངའི་སྟེང་བརྒྱུགས།
༤ ཁྱེད་གཟིགས་ངོ་ལས་ང་ཕངས་ཀྱིས། ཁྱེད་ཀྱི་མཆོད་ཁང་དམ་པའི་ཕྱོགས། སྐྱར་ནས་ལྟ་འོ་ང་ཡིས་སྨྲས།
༥ ཆུ་རྣམས་ངའི་སེམས་བར་དུ་འཁོར། གཏིང་ཟབ་པོ་ཡིས་ཀུན་ནས་བསྐོར། ངའི་མགོ་ཆུ་ཡི་ཟི་མས་དཀྲིས།
༦ རི་རྣམས་མཐིལ་དུ་ང་བབས་སོང་། སྒོ་གཏན་ས་ཡིས་རྒྱུན་ཕྱིར་དགར། འོན་ཀྱེ་ཡཱ་ཝཱེ་ངའི་དཀོན་མཆོག ངའི་སྲོག་དོང་ལས་ཡར་དྲངས་སོ༎
༧ རང་སྲོག་རང་ནང་ཡལ་བའི་དུས། གཙོ་བོ་ངས་དྲན་ཁོ་བོ་ཡི། སྨོན་ལ་མཆོད་ཁང་དམ་པ་རུ། ཁྱེད་ཀྱི་དྲུང་དུ་བསྙེན་གྱུར་ཏོ༎
༨ རྫུས་མའི་ཀུན་རྫོབ་བརྟེན་པ་ཡིས། རང་གི་ཐུགས་རྗེ་སྐྱལ་བར་བྱེད།
༩ འོན་ངས་གཏང་རག་སྒྲ་དང་བཅས། ཁྱེད་དྲུང་མཆོད་པ་འབུལ་བར་བྱ། དམ་བཅས་ང་ཡིས་བསྒྲུབ་པར་བྱ། ཐར་པ་ཡ་ཧོ་ཝཱ་ལས་འབྱུང་། ཞེས་ཞུས་པ་དང་།
༡༠ ཡ་ཧོ་ཝཱས་ཉ་ལ་བཀའ་གནང་ནས། དེས་ཡོ་ནཱ་སྐྱུགས་ནས། སྐམ་སར་བཏོན་ཏོ༎