༨
རང་གི་ཁ་རུ་དུང་ཆུག་ལ། དེ་དག་ངའི་ཞལ་ཆད་ལས་འདས་ཤིང་། ངའི་བཀའ་ཁྲིམས་ལས་འགལ་བས། གླག་འདྲར་དེ་ནི་ཡ་ཧོ་ཝཱའི་ཕོ་བྲང་དུ་འབབ་པར་བྱ། ༢ ཀྱེ་ངའི་དཀོན་མཆོག ངེད་ཀྱིས་ཁྱེད་ངོ་བཤེས་སོ། ཞེས་ཨིས་ར་ཨེལ་གྱིས་ང་ལ་འབོད་འོང་། ༣ ཨིས་ར་ཨེལ་གྱིས་བཟང་པོ་ཡིན་པ་དེ་དོར་བས། དགྲ་བོས་དེ་ལ་འདེད་པར་བྱ། ༤ དེ་དག་གིས་རྒྱལ་པོ་བསྒོས་ཀྱང་། ང་དང་མ་ཐེ་བར་བསྐོས། དེ་དག་གིས་མི་དཔོན་རྣམས་བཅུག་ཀྱང་། ངས་དེ་དག་གི་ངོ་མ་ཤེས། ཁོ་རང་ཚོ་འཇིག་ཏུ་རང་གི་དངུལ་དང་གསེར་ལས་སྐུ་འདྲ་རྣམས་བཟོས་སོ། ༥ ཀྱེ་ས་མར་ཡཱ། ཁྱོད་ཀྱི་བེའུ་སྐྱུག་བྲོ་བོའོ། ངའི་ཐུགས་ཁྲོ་དེ་དག་གི་ཕྱོགས་སུ་འབར། དེ་དག་ནོངས་མེད་ལུས་པ་དུས་ནམ་གྱི་བར་དུ་སྲིད། ༦ དེ་ཅི་ལ་ཟེར་ན། དེ་ནི་ཨིས་ར་ཨེལ་ལས་ཡིན་ཏེ། བཟོ་པས་དེ་བཟོས་པས། དེ་ནི་དཀོན་མཆོག་མིན། འོ་ན་ས་མར་ཡཱའི་བེའུ་གཏུབ་པར་འགྱུར་རོ། ༧ དེ་ཅི་ལ་ཟེར་ན། དེ་དག་གིས་རླུང་བཏབ་པས། སྐོར་རླུང་སྨིན་པར་འགྱུར། དེར་མྱུ་གུ་ཡང་མི་འཁྲུང་ཞིང་། དེའི་ལྗང་པ་ལ་འབྲུ་ཡང་ཆགས་པར་མི་འགྱུར། ཆགས་ན་རྒྱལ་ཁམས་པ་རྣམས་ཀྱིས་དེ་མིད་པར་བྱའོ༎༨ ཨིས་ར་ཨེལ་ནི་མིད་པར་འགྱུར། ད་དེ་ནི་མི་བརྒྱུད་ཀྱི་དཀྱིལ་ན་མི་འདོད་པའི་སྣོད་ལྟར་སྒྱུར་ཏོ། ༩ ཅི་ལ་ཞེ་ན། དེ་དག་གཅིག་པུར་གནས་པའི་རྐྱང་ལྟར་ཨ་སུར་ལ་འཐེགས་པར་བྱས། ཨེབ་ར་ཨིམ་གྱིས་རང་གྲོགས་མོར་འཇོག་ཏུ་གླ་བསྟེར་ཏོ། ༡༠ འོ་ན་མི་བརྒྱུད་ཀྱི་དཀྱིལ་ན་དེ་དག་གིས་གླ་བསྟེར་མོད། ད་ངས་དེ་དག་བསྡུས་ནས། རེ་ཞིག་ནས་རྒྱལ་ཕྲན་རྣམས་ཀྱི་རྒྱལ་པོའི་ཁལ་གྱིས་དེ་དག་ཉམས་པར་འགྱུར་རོ༎
༡༡ དེ་ཅིའི་སླད་དུ་ཞེ་ན། ཨེབ་ར་ཨིམ་གྱིས་སྡིག་པའི་ཕྱིར་མཆོད་ཁྲི་མང་ཙམ་བཞེངས། མཆོད་ཁྲི་དེ་དག་ནི་དེའི་སྡིག་པར་གྱུར་ཏོ། ༡༢ ངས་རང་གི་བཀའ་ཁྲིམས་ཀྱི་གླེང་གཞི་ཆེ་བ་རྣམས་དེའི་དོན་དུ་བྲིས་ཀྱང་། དེས་ནི་ཤོག་ཡན་ལྟར་དུ་རྩིའོ། ༡༣ ང་ལ་འབུལ་བའི་མཆོད་པ་རྣམས་ནི། དེ་དག་གིས་ཤ་ཕུལ་ནས་རང་ཟའོ། འོན་ཀྱང་ཡ་ཧོ་ཝཱས་དེ་དག་མི་བསྣམ། ད་ཁོང་གིས་དེའི་མི་ཚངས་པ་ཐུགས་དྲན་ཞིང་། དེ་དག་གི་ཉེས་པའི་ཕྱིར་ཆད་པས་བཅད་དེ། དེ་དག་མི་སེར་ཡུལ་དུ་ཕྱིར་ལོག་པར་འགྱུར་རོ། ༡༤ དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱིས་རང་གི་མཛད་པོ་དེ་བརྗེད་ནས། ཕོ་བྲང་རྣམས་བརྩིགས་ནས། ཡ་ཧུ་དཱས་གྲོང་ཁྱེར་བཙན་པོ་དུ་མ་བརྩིགས་ཀྱང་། ངས་དེའི་གྲོང་ཁྱེར་རྣམས་ལ་མེ་བཏང་ནས། ཕོ་བྲང་རྣམས་ཟ་བར་འགྱུར་རོ༎