མ་དཱ་ཨི་པའི་རུས་སུ་གཏོགས་པ་དང་། ཀལ་དཱི་པའི་རྒྱལ་ཁམས་ཀྱི་རྒྱལ་པོར་བསྐོས་པའི་ཨ་ཧས་ཝེ་རོས་ཀྱི་བུ་དར་ཡཱས་སྲིད་བྱེད་པའི་ལོ་དང་པོ་རང་ལ།  ཡེ་རུ་ཤ་ལེམ་སྟོངས་པའི་ལོ་བདུན་བཅུ་རྫོགས་པའི་སྐོར་ལུང་སྟོན་པ་ཡེ་རེམ་ཡཱ་ལ་ཕེབས་པའི་བཀའ་མཆིད་ཀྱི་ལོ་གྲངས་ང་དཱ་ནི་ཨེལ་ལ་མདོ་རྣམས་ལས་ངོ་འཕྲོད་པར་གྱུར་ཏོ༎
 དེ་ནས་ངས་རང་གི་གདོང་ཡ་ཧོ་ཝཱ་གཙོ་བོའི་ཕྱོགས་སུ་བསྒྱུར་ཏེ། སྨྱུང་བ་དང་། སྡུག་གོས་དང་། གོག་ཐལ་གྱིས་གཡོགས་པའི་ངང་ནས་གསོལ་བ་དང་སློང་བ་ལ་བསྙེགས་སོ།  ཡང་ངས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་སྨོན་ལམ་བཏབ་སྟེ། མཐོལ་བཤགས་ཕུལ་ཏེ་འདི་སྐད་དུ། ཀྱེ་གཙོ་བོ། ཆེ་ཞིང་འཇིགས་སུ་རུང་བའི་དཀོན་མཆོག ཞལ་ཆད་དྲན་ཞིང་ཁྱེད་ལ་ཆགས་པ་དང་། བཀའ་ལ་ཉན་པ་རྣམས་ལ་ཐུགས་བརྩེ་བར་དགོངས་མཁན།  ངེད་ཅག་གིས་ཉེས་པ་དང་། མི་ཚངས་པ་དང་། ལས་ངན་དང་། ཁྱེད་ལ་ངོ་ལོག་བྱས་ནས་ཁྱེད་ཀྱི་སྤྱད་མཚམས་དང་བཀའ་ཁྲིམས་ལས་བྱོལ་ཏེ།  ངེད་ཀྱི་རྒྱལ་པོ་དང་། སྐུ་དྲག་དང་། ཕ་མེས་རྣམས་དང་། ཡུལ་མི་ཐམས་ཅད་ལའང་ཁྱེད་ཀྱི་བྲན་པོ་ལུང་སྟོན་པ་རྣམས་ཀྱིས་ཁྱེད་ཀྱི་མཚན་བརྗོད་ཅིང་བཤད་རུང་། ངེད་ཀྱིས་དེ་རྣམས་ལ་རྣ་བ་མ་བཏད་དོ།  ཀྱེ་གཙོ་བོ། དྲང་བ་ཉིད་ནི་ཁྱེད་ལ་མངའི། ངེད་ལ་དེ་རིང་དང་འདྲ་བ་ངོ་ཚ་བ་ཡོད། ཞེས་ན་ཡ་ཧུ་དཱའི་མི་རྣམས་དང་། ཡེ་རུ་ཤ་ལེམ་པ་རྣམས་དང་། ས་ཐག་ཉེ་བ་དང་རིང་པོར་ཡོད་པའི་ཨིས་ར་ཨེལ་པ་ཐམས་ཅད་ཀྱིས་ཁྱེད་ལ་ལོག་པར་སྤྱད་པའི་ཉེས་པས་རྐྱེན་ཏེ། གནས་གང་ཡང་འཐོར་བར་མཛད་པ་དེ་དག་གོ།  ཀྱེ་གཙོ་བོ། ངེད་ཅག་གིས་ཁྱེད་ལ་ལོག་པར་བྱས་པས། ངོ་ཚ་བ་ནི་ངེད་རང་དང་། ངེད་ཅག་གི་རྒྱལ་པོ་དང་སྐུ་དྲག་དང་ཕ་མེས་རྣམས་ལ་ཡོད།  ངེད་ཀྱི་གཙོ་བོ་དཀོན་མཆོག་ལ་ཐུགས་བརྩེ་བ་དང་། ཐུགས་བཟོད་ཡོད་མོད། ངེད་ཀྱིས་ཁོང་ལ་འབངས་གྱེན་ལོག་བྱས། ༡༠ ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་སྒྲའམ། ཁོང་གི་བྲན་པོ་ལུང་སྟོན་པ་རྣམས་ཀྱི་སྒོ་ནས་ངེད་ཀྱི་མདུན་དུ་བསྟན་པ་དང་སྲུང་བྱའི་བཀའ་རྒྱ་ལའང་མ་ཉན་ཏོ། ༡༡ འོ་ན། ཁྱེད་ཀྱི་གསུང་སྐད་ལ་མི་ཉན་པའི་ཕྱིར་ཨིས་ར་ཨེལ་པ་ཐམས་ཅད་ཁྱེད་ཀྱི་བཀའ་ཁྲིམས་ལས་འདས་ཤིང་བྱོལ་ཏོ། དེ་ཅིའི་ཕྱིར་ཞེ། ངེད་ཅག་གིས་ཁོང་གི་སྤྱན་སྔར་ཉེས་པ་བྱས་པའི་ཕྱིར་དམོད་པ་བབས་ནས། དཀོན་མཆོག་གི་བྲན་པོ་མོ་ཤེའི་བཀའ་ཁྲིམས་ནང་བྲིས་ཡོད་པའི་སྨོན་ལོག་ངེད་ལ་ཐུག་གོ། ༡༢ ངེད་ཅག་ལ་བར་ཆད་ཆེན་པོ་ཞིག་བསྟེར་ནས། ངེད་ཅག་དང་ངེད་ལ་སྲིད་བྱས་པའི་ཁྲིམས་དཔོན་རྣམས་ཀྱི་སྐོར་དུ་གསུངས་པའི་བཀའ་རྣམས་གཏན་པར་མཛད་དོ། དེ་ཅིའི་ཕྱིར་ཞེ་ན། ཡེ་རུ་ཤ་ལེམ་ན་བྱུང་བ་བཞིན་དུ་ནམ་མཁའ་གང་པོའི་འོག་ན་གར་ཡང་མ་བྱུང་ངོ་། ༡༣ དེའང་མོ་ཤེའི་བཀའ་ཁྲིམས་ཀྱི་ནང་དུ་བྲིས་པའི་བར་ཆོད་འདི་ཐམས་ཅད་ངེད་ཅག་ལ་བབས་པའི་སྟེང་དུའང་། མི་ཚངས་པ་ལས་ལྡོག་པ་དང་། ཁྱེད་ཀྱི་དྲང་བ་ཉིད་ངོ་རྟོགས་པའི་ཕྱིར། ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་སྤྱན་སྔར་སྨོན་ལམ་མ་ཞུས། ༡༤ དེའི་ཕྱིར་གཙོ་བོས་ངེད་ཀྱི་བར་ཆད་ལ་བསྒུགས་ནས། ངེད་ཀྱི་ཁར་དེ་ཕབ་བོ། གང་ལ་ཞེ་ན། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ནི་བྱ་བ་ཐམས་ཅད་ཀྱི་ནང་ན་ཐུགས་དྲང་པོ་ལགས་པ་དང་། ངེད་ཁོང་གི་གསུང་སྒྲ་ལ་རྣ་བ་མ་བཏད་པའི་ཕྱིར་རོ། ༡༥ ད་ཀྱེ་གཙོ་བོ་ངེད་ཀྱི་དཀོན་མཆོག ཉིད་ཀྱི་མི་བརྒྱུད་མཐུ་ལྡན་ཕྱག་གིས་མི་སེར་ཡུལ་ནས་ཕྱི་རུ་བཏོན་ཏེ། དེ་རིང་དང་འདྲ་བར་ཁྱེད་ཀྱི་མཚན་གྲགས་ཆེ་བར་མཛད་མོད། ངེད་ཀྱིས་ཉེས་པ་དང་ལས་ངན་པ་བྱས་སོ། ༡༦ ཀྱེ་གཙོ་བོ་ཁྱེད་ཀྱི་དྲང་བ་ཉིད་ཐམས་ཅད་ལ་དཔག་ནས། ཐུགས་ཁྲོ་བ་དང་གཏུམ་པ་ནི་ཉིད་ཀྱི་གྲོང་ཁྱེར་ཡེ་རུ་ཤ་ལེམ་ཉིད་ཀྱི་རི་དམ་པ་ལས་ཟློག་ཏུ་ངས་གསོལ་བ་འདེབས་སོ། དེ་ཅིའི་ཕྱིར་ཞེ་ན། ངེད་ཀྱི་སྡིག་པ་དང་། ངེད་ཀྱི་ཕ་མེས་རྣམས་ཀྱིས་མི་ཚངས་པར་སྤྱད་པའི་དབང་གིས་ཡེ་རུ་ཤ་ལེམ་དང་། ཁྱེད་ཀྱི་མི་བརྒྱུད་ནི་ངེད་ཀྱི་ཉེ་འཁོར་གནས་པའི་མི་བརྒྱུད་རྣམས་ཀྱི་མདུན་དུ་སྨད་སྒྲར་གྱུར་ཏོ། ༡༧ དེ་བས་ན་ད་ཀྱེ་ངེད་ཀྱི་དཀོན་མཆོག ཉིད་ཀྱི་བྲན་པོའི་གསོལ་བ་དང་། སློང་བ་རྣམས་ལ་གསན་པར་མཛོད། གཙོ་བོའི་དོན་དུ་སྟོངས་པའི་ཉིད་ཀྱི་གཙང་ཁང་གི་སྟེང་དུ་ཉིད་ཀྱི་ཞལ་གྱི་འོད་སྣང་བར་མཛོད། ༡༨ ཀྱེ་ངའི་དཀོན་མཆོག སྙན་གཏད་ནས་གསན་པར་མཛོད། སྤྱན་ཕྱེས་ཏེ་ངེད་ཀྱི་སྟོངས་པ་རྣམས་དང་། ཁྱེད་ཀྱི་མཚན་གྱིས་བརྗོད་པའི་གྲོང་ཁྱེར་དེ་ལ་གཟིགས་སུ་གསོལ། དེའང་ངེད་རང་ཆོས་དྲང་པོ་ཡིན་པའི་ཕྱིར་སློང་བ་རྣམས་ཁྱེད་སྤྱན་སྔར་མི་འབུལ་གྱི། ཁྱེད་ཐུགས་བརྩེ་བ་ཆེན་པོ་ལ་བརྟེན་ནས་འབུལ་ལོ། ༡༩ ཀྱེ་གཙོ་བོ། གསན་པར་མཛོད། ཀྱེ་གཙོ་བོ། བཤགས་པར་མཛོད། ཀྱེ་གཙོ་བོ། གསན་ཏེ་སྒྲུབ་པར་མཛོད། ཁྱེད་ཉིད་ཀྱི་དོན་དུ་དུས་མ་བཤོལ་ཞིག ཀྱེ་ངའི་དཀོན་མཆོག དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱི་གྲོང་ཁྱེར་དང་ཁྱེད་ཀྱི་མི་བརྒྱུད་ནི། ཁྱེད་ཀྱི་མཚན་གྱིས་འགྲགས་སོ་ཞེས་ཞུས་སོ༎
༢༠ ངས་ཞུ་གླེང་བྱེད་ཅིང་སྨོན་ལམ་འདེབས་ཀྱིན་ང་རང་གི་སྡིག་པ་དང་། ངའི་མི་བརྒྱུད་ཨིས་ར་ཨེལ་གྱི་སྡིག་པ་མཐོལ་ཞིང་། ཡ་ཧོ་ཝཱ་ངའི་དཀོན་མཆོག་གི་སྤྱན་སྔར་ངའི་དཀོན་མཆོག་གི་རི་དམ་པའི་ཕྱིར་གསོལ་བ་འདེབས་ཤིང་ཡོད་པ་ལས། ༢༡ འོ་ན། གསོལ་བ་འདེབས་པའི་འཕྲོ་མ་ཟིན་པར། དགོངས་མོའི་མཆོད་པའི་དུས་ཙམ་ན། ངས་ཐོག་མར་ཞལ་གཟིགས་ཀྱི་ནང་དུ་མཐོང་བའི་སྐྱེ་བོ་གབ་རི་ཨེལ་དེ་ཉིད། བཀའ་བཞིན་དུ་མྱུར་པོར་འཕུར་བཞིན་འོངས་ནས། ང་ལ་རེག་ཅིང་། ༢༢ བདག་ལ་མངོན་པར་བྱེད་ཅིང་། གསུང་གླེང་ཞིང་འདི་སྐད་དུ། ཀྱེ་དཱ་ནི་ཨེལ། ཁྱེད་ལ་རིག་རྩལ་དང་བློ་གྲོས་སྟེར་དུ་ང་ད་ལྟ་ཐོན་པ་ཡིན། ༢༣ ཁྱེད་ཀྱིས་སྨོན་ལམ་འདེབས་པར་གཟས་པ་ཙམ་གྱིས་བཀའ་བྱུང་བས། ཁྱེད་ལ་སྟོན་དུ་འོངས་སོ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་རབ་ཏུ་གཅེས་པ་ལགས་སོ། དེ་བས་ན་བྱ་བ་འདིའི་ནང་བློ་འཇུག་ཅིག་དང་། ཞལ་གཟིགས་འདི་རྟོགས་པར་འགྱུར།
༢༤ ཁྱེད་ཀྱི་མི་བརྒྱུད་དང་ཁྱེད་ཀྱི་གྲོང་ཁྱེར་དམ་པའི་ཕྱིར་བདུན་ཕྲག་བདུན་ཅུ་ཐག་བཅད་པས། དེ་ནི་མཚམས་མེད་སྤྱོད་པ་འཛད་པ་དང་། སྡིག་པ་རྣམས་ཚར་དུ་འཇུག་པ་དང་། མི་ཚངས་པའི་དོན་དུ་སྡུམ་པ་དང་། དུས་གཏན་གྱི་དྲང་བ་ཉིད་འདྲེན་པ་དང་། ཞལ་གཟིགས་དང་ལུང་བསྟན་དེ་ལ་ཕྱག་རྒྱས་འདེབས་པ་དང་། ཀུན་ལས་དམ་པ་ལགས་པ་དེ་འབྱུག་པར་འགྱུར་བའི་ཕྱིར་རོ། ༢༥ དེས་ན་རྟོགས་ཤིག་དང་ཁོང་དུ་ཆུད་ཅིག ཡེ་རུ་ཤ་ལེམ་སླར་བཞེང་བའི་བཀའ་འཐོན་པ་ནས་བྱུགས་པའི་རྒྱལ་པོ་དེའི་བར་དུ་བདུན་ཕྲག་བདུན་དང་། བདུན་ཕྲག་དྲུག་ཅུ་རེ་གཉིས་ནང་འུ་ཐུག་པའི་དུས་སུ། ཡང་སྐྱར་ལམ་སྲང་དང་ལྕགས་རི་བཅས་དེ་ནི་རྩིག་པར་འགྱུར་རོ། ༢༦ བདུན་ཕྲག་དྲུག་ཅུ་རེ་གཉིས་ཀྱི་འོག་ཏུ་བྱུགས་པ་དེ་དགྲོངས་སོ། འོན་ཀྱང་དེ་ནི་དེ་རང་གི་དོན་དུ་མིན་ནོ། འོང་རྒྱུ་ཡོད་པའི་རྒྱལ་པོའི་མི་རྣམས་ཀྱིས་གྲོང་ཁྱེར་དང་གཙང་ཁང་འཇིག་པར་བྱའོ། ཡང་ཁོའི་མཐའ་མ་ནི་ཆུ་རུད་ཀྱིས་འཁྱེར་འདྲར་འབྱུང་འོང་། ཡང་མཐའ་མའི་བར་དུ་འཐབ་མོ་དང་། ཐག་བཅད་པའི་སྟོངས་པར་འགྱུར་བ་རྣམས་འབྱུང་བར་འགྱུར་རོ། ༢༧ ཡང་ཁོས་བདུན་ཕྲག་གཅིག་གི་ཕྱིར་དུ་མ་ལ་ཆད་དམ་པོ་ཞིག་བྱའོ། བདུན་ཕྲག་དེའི་དཀྱིལ་དུ་དམར་མཆོད་དང་ཚོགས་མཆོད་གཅད་འོང་། ཡང་ཞེན་ལོག་གི་སྟེང་དུ་སྟོངས་བྱེད་ཅིག་འོང་ཞིང་། དེ་རྣམ་པར་འཕུང་བར་བྱའོ། སྟོངས་བྱེད་དེའི་སྟེང་དུ་ཐག་བཅད་པའི་བར་ཆད་རྣམས་དབབ་བོ༎