༤༢
དེ་ནས་དེས་ང་བྱང་ཕྱོགས་ཀྱི་ལམ་ལས་ཁྱམས་ཕྱི་མའི་ནང་ཁྲིད་ནས། བར་མཚམས་ཀྱི་ས་ཆ་དང་། ཕོ་བྲང་གི་མདུན་ཕྱོགས་ཀྱི་བྱང་ཕྱོགས་ལ་ཡོད་པའི་ནང་ཆུང་ནང་དྲངས་བྱུང་།  ཡང་ཁྲུ་བརྒྱ་རིང་དུ་ཡོད་པའི་ཐད་ཀར་བྱང་སྒོ་ཡོད་པ་ཡིན། ཡང་ཞེང་དུ་ཁྲུ་ལྔ་བཅུ་ཡོད་པ་ཡིན།  ཚོམས་ནང་མར་གཏོགས་པའི་ཁྲུ་ཉི་ཤུ་པའི་མདུན་དང་། ཚོམས་ཕྱི་མའི་ཨར་ཞལ་གྱི་ཐད་དུ་རབ་གསལ་གྱི་ཁར་རབ་གསལ་ཐོག་ཚད་གསུམ་ཡོད་པ་ཡིན།  ཡང་ནང་ཆུང་རྣམས་ཀྱི་མདུན་དུ་ནང་ཕྱོགས་སུ་ཁྲུ་བཅུ་དང་། རྒྱུ་ལམ་ཁྲུ་གང་པ་ཞིག་ཡོད་པ་ཡིན། དེ་དག་གི་སྒོ་བྱང་ལ་བལྟས་ནས་ཡོད་པ་ཡིན།  དེའང་སྟེང་ཐོག་གི་ནང་ཆུང་རྣམས་ཆུང་བ་ཡོད་པ་ཡིན། གང་ལ་ཞེ་ན། དེ་དག་གི་རབ་གསལ་རྣམས་འོག་ཁང་དང་བར་ཐོག་ལ་ཡོད་པ་ཡིན།  དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐོག་ཚད་གསུམ་ཡོད་པ་ཡིན། འོན་ཀྱང་དེ་དག་གི་ཀ་བ་རྣམས་ཚོམས་ཀྱི་ཀ་བ་ལྟར་མེད་པ་ཡིན། དེའི་ཕྱིར་ས་ཁང་གི་འོག་ཐོག་དང་བར་ཐོག་ལས་ཁང་པ་དེ་གུ་དོག་པ་ཡོད་པ་ཡིན།  ཡང་ཕྱི་མའི་ནང་ཆུང་རྣམས་ཀྱི་མདུན་དང་། ཚོམས་ཕྱི་མའི་ནང་ཆུང་རྣམས་ཀྱི་ཐད་དུ་ཡོད་པའི་ལྕགས་རིའི་རིང་དུ་ཁྲུ་ལྔ་བཅུ་ཡོད་པ་ཡིན།  དེ་ཅི་ལ་ཞེ་ན། ཚོམས་ཕྱི་མའི་ནང་ཆུང་རྣམས་ཀྱི་རིང་ཁྱད་ཁྲུ་ལྔ་བཅུ་ཡོད་པ་ཡིན། ཡང་ལྟོས་ཤིག མཆོད་ཁང་གི་མདུན་དུ་ཁྲུ་བརྒྱ་ཡོད་པ་ཡིན།  ཡང་ནང་ཆུང་འདི་དག་གི་འོག་ན་ཤར་ཕྱོགས་སུ་ཚོམས་ཕྱི་མ་ནས་ནང་དུ་འཇུག་པའི་སྒོ་མོ་ཡོད་པ་ཡིན།
༡༠ ལྷོའི་ཚོམས་ཀྱི་རྩིག་ཞེང་ཆེ་བ་དང་། བར་མཚམས་ཀྱི་ས་ཆ་དང་། ཕོ་བྲང་གི་མདུན་དུ་ནང་ཆུང་རྣམས་ཡོད་པ་ཡིན། ༡༡ ཡང་དེ་དག་གི་མདུན་དུ་བྱང་གི་ནང་ཆུང་རྣམས་ཀྱི་མདུན་ཕྱོགས་ན་ཡོད་པ་ལྟ་བུའི་ལམ་ཞིག་ཡོད་པ་ཡིན། དེ་དག་གི་རིང་ཁྱད་དང་། ཞེང་ཁྱད་དང་། ཕྱིར་འཐོན་ས་ཐམས་ཅད་ནི། དེ་དག་གི་བཀོད་པ་དང་སྒོ་དང་མཚུངས་པ་ཡིན། ༡༢ ཡང་ལྷོའི་ནང་ཆུང་རྣམས་ཀྱི་སྒོ་དང་འཛོམ་པའི་སྒོ་མོ་ཞིག་ལམ་གྱི་མགོ་ལ་ཡོད་པ་ཡིན། ལམ་དེ་ནི་ལྕགས་རི་ནས་ཤར་རེ་ཤར་ཕྱོགས་སུ་མི་རྣམས་ནང་དུ་འཛུལ་སར་ཡོད་པ་ཡིན།
༡༣ ཡང་དེས་ང་ལ། བར་མཚམས་ཀྱི་ས་ཆའི་ཐད་དུ་ཡོད་པའི་བྱང་གི་ནང་ཆུང་རྣམས་དང་། ལྷོའི་ནང་ཆུང་རྣམས་ནི་ནང་ཆུང་དམ་པ་རྣམས་ཡིན། དེར་ནི་བླ་མ་རྣམས་ཡ་ཧོ་ཝཱའི་དྲུང་དུ་བསྙེན་ཏེ། ཟས་རབ་ཏུ་དམ་པ་རྣམས་ཟ་བར་འགྱུར། དེར་དེ་དག་གིས་ཟས་རབ་ཏུ་དམ་པ་དང་། ཞལ་ཟས་དང་། སྡིག་པའི་མཆོད་པ་དང་། འགལ་རྐྱེན་གྱི་མཆོད་པ་རྣམས་འཇོག་པར་འགྱུར། ཅི་ལ་ཟེར་ན། དེ་ནི་གནས་དམ་པའོ། ༡༤ དེ་དག་ནང་དུ་ཞུགས་ནས། གཙང་ཁང་ནས་ཕྱི་རོལ་གྱི་ཁྱམས་ནང་འགྲོ་བ་མི་རིགས་ཏེ། རང་གི་ཞབས་ཏོག་བྱེད་པའི་གོས་ནི་དེར་འཇོག་པར་དགོས། ཅི་ལ་ཟེར་ན། དེ་དག་དམ་པ་ཡིན་པས། གཞན་གོས་གྱོན་ནས། མི་སྡེའི་ས་ཆར་འགྲོ་བའི་རིགས་སོ༎
༡༥ དེ་ལྟར་དེས་ཕོ་བྲང་ནང་མ་བཅལ་ཟིན་པ་དང་། དེས་ང་ཤར་ལྟས་ཀྱི་སྒོའི་ལམ་ལས་ཁྱེར་ནས། ཕོ་བྲང་དེ་ཕྱོགས་བཞི་ནས་བཅལ་ཏེ། ༡༦ བཏབ་ཚད་ཀྱི་སྨྱུག་མས་ཤར་ཕྱོགས་དེ་བཏབ་ནས། འཁོར་དུ་སྨྱུག་མ་ལྔ་བརྒྱ་ཐོན་བྱུང་། ༡༧ བྱང་གི་ཕྱོགས་དེས་བཏབ་ཚད་ཀྱི་སྨྱུག་མ་དང་བཏབ་ནས། འཁོར་དུ་སྨྱུག་མ་ལྔ་བརྒྱ་བྱུང་། ༡༨ དེས་སྨྱུག་མའི་བཏབ་ཚད་ཀྱིས་ལྷོའི་ཕྱོགས་དེ་བཏབ་ནས། སྨྱུག་མ་ལྔ་བརྒྱ་བྱུང་། ༡༩ ནུབ་ཕྱོགས་སུ་ལོག་འོང་ནས། སྨྱུག་མའི་བཏབ་ཚད་ཀྱིས་སྨྱུག་མ་ལྔ་བརྒྱ་ཐོན་བྱུང་། ༢༠ དེས་དེའི་ཕྱོགས་བཞི་ནས་བཅལ་ཏེ། གཙང་ཁང་དང་སྤྱིའི་གནས་གཉིས་སོ་སོར་དབྱེ་བ་ལ། རིང་ཁྱད་དུ་སྨྱུག་མ་ལྔ་བརྒྱ་དང་། ཞེང་ཁྱད་དུ་སྨྱུག་མ་ལྔ་བརྒྱ་ཡོད་པའི་ལྕགས་རི་ཞིག་ཀྱང་ཕྱོགས་བཞིར་ཡོད་པ་ཡིན་ནོ༎