༤༧
ཕར་ཨོ་ཡིས་ག་ཟཱ་མ་བཅད་པའི་གོང་དུ་ཕེ་ལེ་ཤེད་པའི་ཆེད་དུ་ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱ་ལས་བྱུང་བའི་བཀའ་མཆིད་ནི།༢ ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག བྱང་ཕྱོགས་ནས་ཆུ་རྣམས་འཕེལ་ཏེ། ལུད་པའི་ཆུ་བོར་གྱུར་ཏེ། ཡུལ་ཁམས་འདིའི་ནང་ན་ཡོད་པ་ཐམས་ཅད་དང་། གྲོང་ཁྱེར་དང་དེའི་ནང་ན་གནས་པའི་ཀུན་གྱི་ཐོག་ཏུ་འབྲུབ་པར་འགྱུར་བ་ཙམ་གྱིས། མི་རྣམས་ཆོ་ངེས་དང་། ས་གཞི་པ་ཀུན་གྱིས་ངུ་མཆོང་བྱེད་པར་འགྱུར། ༣ དེའི་རྟ་ཤུགས་ལྡན་དག་གི་རྨིག་པ་རྒྱབ་པའི་རྐང་སྒྲ་དང་། དེའི་ཤིང་རྟ་རྒྱུག་པའི་སྐད་དང་། དེའི་འཁོར་ལོའི་སྒྲ་བྱུང་བ་ཙམ་གྱིས་ལག་རྩ་ལོད་ནས། ཕ་རྣམས་ཀྱིས་བུ་ལའང་ཕྱི་མིག་ལོག་པར་མི་འགྱུར་རོ། ༤ ཕེ་ལེ་ཤེད་པ་ཚང་མ་འཇོམས་པ་དང་། ཚོར་དང་ཚི་དོན་ལས་དེའི་ར་མདའ་ཕྱི་ལུས་རེ་རེ་བཞིན་མེད་པར་བྱེད་པའི་དུས་ལ་འབབ་ཀྱིན་ཡོད་པའི་རྐྱེན་གྱིས་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཀབ་ཐོར་གྱི་འགྲམ་ལ་ལུས་པའི་ཕེ་ལེ་ཤེད་པའི་མི་རྣམས་འཇོམས་པར་མཛད་པར་འགྱུར། ༥ ག་ཟཱ་ལ་སྤྱི་ཐེར་འོང་གིན་འདུག ཨས་ཀ་ལོན་མེད་པར་བྱས་ཏེ། དེ་དག་གི་ལུང་པའི་ལྷག་མ་ཁྱོད་རྣམས་ཀྱིས་དུས་ནམ་གྱི་བར་དུ་རང་ཤ་གཅོད་པར་བྱ།