༣༩
ཡེ་རུ་ཤ་ལེམ་བཟུང་བ་ནི་འདི་ལྟར་རོ། ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱའི་ལོ་དགུ་པའི་ཟླ་བ་བཅུ་པའི་ནང་དུ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་རང་གི་དམག་དཔུང་ཐམས་ཅད་དང་བཅས་སུ། ཡེ་རུ་ཤ་ལེམ་གྱི་ཐད་དུ་འོངས་ནས། དེ་ལ་དམག་བསྐོར་བཏང་སྟེ།  ཚེ་དེག་ཡཱའི་ལོ་བཅུ་གཅིག་པའི་ཟླ་བ་བཞི་པའི་ཚེས་དགུ་པར་གྲོང་ཁྱེར་དེ་ཆག་པར་གྱུར་ཏོ།  བཱ་བེལ་རྒྱལ་པོའི་སྐུ་དྲག་ཐམས་ཅད་དམ། ནེར་གལ་ཤར་ཨེ་ཟེརསམ་གར་ནེ་བོསར་སེ་ཀིམརབ་ས་རིསནེར་གལ་ཤར་ཨེ་ཟེརརབ་མག་དང་། བཱ་བེལ་རྒྱལ་པོའི་སྐུ་དྲག་གཞན་ཀུན་དང་བཅས་པ་ནང་དུ་ཞུགས་ནས། རྒྱ་སྒོ་དཀྱིལ་མར་བསྡད་དོ།  དེ་ནས་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་དང་དམག་གི་སྐྱེ་བོ་ཀུན་གྱིས་དེ་དག་མཐོང་ནས་བྲོས་ཏེ། མཚན་མོར་རྒྱལ་པོའི་སྐྱེད་ཚལ་གྱི་ལམ་ལས་ལྕགས་རི་གཉིས་ཀྱི་བར་གྱི་སྒོ་ནས་རྒྱལ་ས་ལས་ཐོན་ཏེ། ཐང་ལམ་དུ་ཞུགས་པ་དང་།  ཀལ་དཱི་པའི་དམག་དཔུང་གིས་དེ་དག་ལ་བདས་ནས། ཡེ་རི་ཀོའི་ཐང་རྣམས་སུ་ཚེ་དེག་ཡཱར་ནོན་ཏེ་བཟུང་ནས། ཧ་མད་ཀྱི་ཉེ་འཁོར་གྱི་རིབ་ལཱ་བྱ་བར་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་དྲུང་དུ་ཁྲིད་པ་དང་། དེར་དེས་ཁོང་གི་ཞལ་ཆེ་བཅད་དེ།  བཱ་བེལ་རྒྱལ་པོས་རིབ་ལཱ་རུ་ཚེ་དེག་ཡཱའི་བུ་རྣམས་དེའི་མིག་གི་མདུན་དུ་བསད་དེ། བཱ་བེལ་རྒྱལ་པོས་ཡ་ཧུ་དཱའི་སྐུ་དྲག་ཐམས་ཅད་ཀྱང་བསད་དོ།  དེ་མ་ཟད་ཚེ་དེག་ཡཱའི་མིག་གཉིས་པོའང་བཏོན་ནས། བཱ་བེལ་དུ་འཁྱེར་རྒྱུར་ར་གན་གྱི་སྒྲོག་གཉིས་བརྒྱབས་སོ།  ཡང་ཀལ་དཱི་པ་རྣམས་ཀྱིས་རྒྱལ་ཁབ་དང་། མི་སྡེའི་ཁང་པ་རྣམས་མེས་བསྲེགས་ནས། ཡེ་རུ་ཤ་ལེམ་གྱི་ལྕགས་རི་རྣམས་བསློགས་སོ།  དེ་ནས་སྐུ་བསྲུང་པའི་དཔོན་པོ་ནེ་བུ་ཟར་ཨ་དཱན་གྱིས་རྒྱལ་སའི་ནང་དུ་ལུས་ཡོད་པའི་མི་དང་། དེའི་རྩར་བྲོས་ཡོད་པ་དང་། མི་སྡེའི་ནང་ནས་ལུས་ཡོད་པའི་མི་རྣམས་བཙོན་དུ་བཟུང་ནས་བཱ་བེལ་དུ་ཁྱེར་གྱིས། ༡༠ སྐུ་བསྲུང་དཔོན་པོ་ནེ་བུ་ཟར་ཨ་དཱན་གྱིས་མི་སྡེའི་ཁྲོད་ལས་ཅིའང་མེད་པའི་དབུལ་ཕོངས་རྣམས་ཡ་ཧུ་དཱར་བཞག་ནས། ཉིན་དེ་རང་དུ་འདི་དག་ལ་རྒུན་ཚལ་དང་ཞིང་བསྟེར་ཏོ༎
༡༡ དེའང་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་སྐུ་བསྲུང་དཔོན་པོ་ནེ་བུ་ཟར་ཨ་དཱན་ལ་ཡེ་རེམ་ཡཱའི་ཆེད་དུ་བཀའ་གནང་ཞིང་འདི་སྐད་དུ། ༡༢ དེ་འཁྲིད་ཅིང་ལེགས་པར་ལྟ་ཞིང་འོ་བརྒྱལ་དུ་མ་ཆུག་པར། དེས་ཟེར་བ་བཞིན་དུ་བྱོས་ཤིག་བསྒོ་བ་ལྟར། ༡༣ སྐུ་བསྲུང་དཔོན་པོ་ནེ་བུ་ཟར་ཨ་དཱནནེ་བུ་ཤས་བཱནརབ་ས་རིསནེར་གལ་ཤར་ཨེ་ཟེརརབ་མག་དང་། བཱ་བེལ་རྒྱལ་པོའི་སྐུ་དྲག་ཐམས་ཅད་ཀྱིས་མི་བཏང་ནས། ༡༤ ཡེ་རེམ་ཡཱ་བྱ་ར་བའི་ཚོམས་ལས་ཕྱུང་སྟེ། ཁོང་ཁང་པ་རུ་སྐྱེལ་བར་ཨ་ཧི་ཀམ་གྱི་བུའམ་ཤཱ་ཕན་གྱི་ཚ་བོ་གེ་དལ་ཡཱ་ལ་བཏད་པ་དང་། ཁོང་མི་སྡེའི་ཁྲོད་དུ་བཞུགས་པ་ཡིན་ནོ༎
༡༥ དེའང་ཡེ་རེམ་ཡཱ་བྱ་ར་བའི་ཚོམས་ནས་བཙོན་དུ་ཡོད་པའི་ཚེ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༡༦ སོང་ལ། ཀུས་པ་ཨེ་བེད་མེ་ལེག་ལ་འདི་སྐད་སྦྲོན་ཞིག དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་ཧོ། ངས་རྒྱལ་ས་འདི་ལ་རྐྱེན་ངན་གྱི་དོན་དུ། བཟང་དོན་མིན་པའི་ཕྱིར་གསུངས་པ་རྣམས་རྫོགས་པར་བྱེད་ཅིང་། དེ་ཐམས་ཅད་ཁྱོད་ཀྱི་མིག་གི་མདུན་དུ་ཉིན་མོ་དེ་རང་ལ་སྒྲུབ་པར་བྱའི། ༡༧ ཉིན་མོ་དེར་ཁྱོད་སྐྱོབ་པར་བྱའོ་ཡ་ཧོ་ཝཱས་གསུང་སྟེ། ཁྱོད་འཇིགས་པའི་མི་རྣམས་ཀྱི་ལག་ཏུ་གཏོད་པར་མི་འགྱུར་རོ། ༡༨ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ཁོ་བོར་བློ་བཏད་པས་ན། ངས་ཁྱོད་ངོ་ཐོག་སྐྱོབ་པར་བྱ་སྟེ། ཁྱོད་རལ་གྲིས་ལྟུང་བར་མི་འགྱུར་བར། ཁྱོད་ཀྱི་སྲོག་ཁྱོད་ལ་བཅོམ་ནོར་ལྟ་བུར་འགྱུར་བར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎