༢༠
དེའང་ཡ་ཧོ་ཝཱའི་ཕོ་བྲང་གི་མགོ་བྱེད་ལགས་པའི་ཨིམ་མེར་གྱི་བུ་ཕ་ཤུར་བྱ་བའི་བླ་མས། ཡེ་རེམ་ཡཱས་ལུང་འདི་དག་སྟོན་པར་ཐོས་ནས།  ཕ་ཤུར་གྱིས་ལུང་སྟོན་པ་ཡེ་རེམ་ཡཱ་ལ་བརྡུངས་ནས། ཡ་ཧོ་ཝཱའི་ཕོ་བྲང་དང་། ཉེ་བའི་བེན་ཡ་མིན་གྱི་རྒྱ་སྒོ་གོང་མར་ཡོད་པའི་ཨན་གདོས་ཀྱི་ནང་དུ་བཅུག་གོ།  དེ་ནས་དེའི་ཕྱི་ཉིན་ཕ་ཤུར་གྱིས་ཡེ་རེམ་ཡཱ་གདོས་ནས་བཏོན་པ་དང་། ཡེ་རེམ་ཡཱས་དེ་ལ། ད་ཡ་ཧོ་ཝཱས་ཁྱོད་ཀྱི་མིང་དུ་ཕ་ཤུར་མ་བཞག་པར། མ་གོར་མིས་ས་པིབ་༼བོད་སྐད་དུ་འཇིགས་སྐྲག་གིས་བསྐོར་མཁན་༽བཏགས་སོ།  དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས། ཁྱོད་རང་དང་ཁྱོད་རང་གི་གྲོགས་པོ་ཐམས་ཅད་ཀྱི་ཕྱིར་ངས་ཁྱོད་ནི་འཇིགས་སྐྲག་པའི་རྒྱུར་བྱ་ཞིང་། དེ་དག་རང་གི་ཕ་རོལ་པའི་རལ་གྲིས་ལྟུང་བ་དེ་ཁྱོད་ཀྱི་མིག་གིས་མཐོང་བར་འགྱུར། ཡང་ངས་ཡ་ཧུ་དཱ་ཐམས་ཅད་བཱ་བེལ་རྒྱལ་པོའི་ལག་ཏུ་གཏད་དེ། ཁོས་འདི་དག་བཙོན་དུ་བཟུང་ནས་བཱ་བེལ་དུ་ཁྱེར་ཏེ་རལ་གྲིས་གསོད་པར་འགྱུར།  དེས་མ་ཟད། ངས་གྲོང་ཁྱེར་འདིའི་ནོར་རྫས་ཐམས་ཅད་དང་། འཐོན་ཁུངས་ཐམས་ཅད་དང་། བཟང་ནོར་ཐམས་ཅད་དང་། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་གཏེར་མཛོད་ཐམས་ཅད་ཀྱང་དགྲའི་ལག་ཏུ་གཏད་ཅིང་། དེ་དག་གིས་འདི་དག་བཅོམས་ནས་བཟུང་སྟེ། བཱ་བེལ་དུ་འཁྱེར་བར་འགྱུར།  ཡང་ཀྱེ་ཕ་ཤུར། ཁྱོད་རང་དང་། ཁྱོད་ཀྱི་ཁྱིམ་ན་ཡོད་པ་ཐམས་ཅད་བཙོན་དུ་འཁྱེར་བར་འགྱུར། ཁྱོད་བཱ་བེལ་དུ་བསླེབ་ནས་དེར་ཤི་སྟེ་དེར་སྐུང་བར་འགྱུར། ཁྱོད་རང་དང་ཁྱོད་ཀྱིས་བརྫུན་གྱི་ལུང་བསྟན་པའི་གྲོགས་པོ་ཐམས་ཅད་དང་བཅས་པའོ༎
 ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་བདག་བསླུས་ནས། བདག་བསླུས་པར་གྱུར་ཏོ། བདག་ལས་ཁྱེད་སྟོབས་ཆེ་བས། ཁྱེད་རྒྱལ་བར་གྱུར་པ་དང་། ཉིན་རེ་བཞིན་མི་ཀུན་གྱིས་བདག་ལ་སྨད་ཅིང་འཕྱ་བར་བྱེད་དོ།  དེ་ཅིའི་ཕྱིར་ཞེ་ན། ངས་གླེང་དུས་སྐད་ཆེན་པོས་བོས་ཏེ། དྲག་ཤུལ་དང་འཕྲོག་བཅོམ་ཞེས་ཀུ་སྒྲ་རྒྱབ་བོ། གང་ལ་ཞེ་ན། ཡ་ཧོ་ཝཱའི་བཀའ་ནི་ཉིན་རེ་བཞིན་བདག་ལ་སྨད་པ་དང་ཧབ་དགོད་འཕོག་པའི་རྒྱུར་གྱུར་པ་ཡིན།  དེ་ནས་ངས། ཁོང་གི་གསུང་ཡང་མི་གླེང་། ད་ཕྱིན་ཆད་དུ་ཁོང་གི་མཚན་ཡང་རྗོད་པར་མི་བྱའོ་སྨྲ་ན། ཁོང་གི་བཀའ་དེ་ངའི་རུས་པའི་ནང་དུ་སྦས་ཡོད་པའི་མེ་ལྟར་ངའི་སྙིང་ནང་འབར་བས། ངས་དེ་སྲན་པ་ལས་ཡི་ཆད་དེ་བཟོད་པར་མི་ནུས་སོ། ༡༠ དེ་ཅིའི་ཕྱིར་ཞེ་ན། མང་པོ་ལས་དམའ་འབེབས་ཐོས། ཕྱོགས་བཞིར་འཇིགས་པ་འདུག དེའི་ཕྲིན་ཤོད་ཅིག དེ་ནས་ངེད་ཀྱིས་ཀྱང་ཕྲིན་དེ་འཆད་པར་བྱའོ་ཟེར་ཞིང་། ངའི་མཛའ་བོ་ཉེ་བ་ཐམས་ཅད་བདག་འགྱེལ་བ་ལ་སྒུག་ཅིང་། ཁོ་སླུ་བར་འགྱུར་ལས་ཆེ་སྟེ། དེ་ནས་ང་ཚོ་དེ་ལས་རྒྱལ་ཏེ། ལན་འཇལ་བར་བྱའོ་ཞེས་ཟེར་རོ། ༡༡ འོན་ཀྱང་ཡ་ཧོ་ཝཱ་ནི་འཇིགས་སུ་རུང་བའི་དཔའ་བོའི་ཚུལ་དུ་ང་མཉམ་མཆིས་པས། བདག་ལ་འཚེ་བ་རྣམས་ལྟུང་ཞིང་། ང་མི་ཐུབ། དེ་དག་གི་དོན་མ་གྲུབ་པའི་སྟབས་ཀྱིས་རབ་ཏུ་ངོ་ཚ་བར་གྱུར་ཏེ། དེ་དག་གི་གཏན་གྱི་ངོ་ཚ་དེ་ནམ་དུའང་བརྗེད་པར་མི་འགྱུར་རོ། ༡༢ དེའང་ཆོས་དྲང་པོའི་ཉམས་སད་ཅིང་། མཁལ་མ་དང་སྙིང་ལ་གཟིགས་མཁན་གྱི་ཀྱེ་ཡ་ཧོ་ཝཱ། ངས་རང་གི་ཁ་མཆུ་དེ་ཁྱེད་ལ་གཏད་ཡོད་པས། དེ་དག་ལས་དགྲ་རྩོད་པ་ངས་མཐོང་བར་ཤོག ༡༣ ཡ་ཧོ་ཝཱར་སྟོད་དབྱངས་གྱིས་ཤིག ཡ་ཧོ་ཝཱ་ལ་གཟེངས་སྟོད་ཅིག དེ་ཅིའི་ཕྱིར་ཞེ་ན། མི་ངན་གྱི་ལག་པ་ལས་ཁོང་གིས་དབུལ་ཕོངས་ཀྱི་སྲོག་བསྒྲལ་ཏོ༎
༡༤ ང་བཙས་པའི་ཉིན་མོ་དེ་གླུད་དུ་གྱུར་ཅིག ངའི་མས་ང་བསྐྱེད་པའི་ཉིན་མོ་དེ་བཀྲ་ཤིས་པར་མ་གྱུར་ཅིག ༡༥ ངའི་ཕ་ལ། ཁྱོད་ལ་བུ་ཕོ་ཞིག་སྐྱེས། ཞེས་འཕྲིན་བསྐྱལ་ཏེ། དེ་རབ་ཏུ་དགའ་བར་བྱས་པའི་མི་དེ་གླུད་དུ་འགྱུར་བར་ཤོག ༡༦ མི་དེ་ཡ་ཧོ་ཝཱས་རྩ་རྩེ་བཟློགས་ནས། ཐུགས་འགྱོད་མ་མཛད་པའི་གྲོང་ཁྱེར་རྣམས་དང་འདྲ་བར་གྱུར་ཤོག དེས་སྔ་དྲོར་སྐད་ངན་དང་། ཉིན་གུང་དུ་ཀི་ཀིའི་སྒྲ་སྐད་ཐོས་པར་ཤོག ༡༧ དེ་ཅིའི་ཕྱིར་ཞེ་ན། དེས་ང་མངལ་གྱི་ནང་དུ་མ་བསད་པའི་ཕྱིར་རོ། བསད་ཡོད་ན། ངའི་མ་ངའི་དུར་ཁུང་དུ་གྱུར་ཏེ། དེའི་མངལ་རྟག་ཏུ་གང་ནས་ལུས་པ་ཡིན། ༡༨ ངའི་མི་ཚེ་འདི་ངོ་ཚའི་ནང་དུ་ནུབ་ཅིང་། དཀའ་ལས་དང་། སེམས་བརྡུགས་རྒྱུར། ཅི་ལ་ང་མངལ་ནས་འཐོན་པ་ལགས༎