༥༣
ངེད་ཀྱི་ཕྲིན་ལ་སུས་དད་པ་བྱས། ཡ་ཧོ་ཝཱའི་ཕྱག་ཀྱང་སུ་ལ་མངོན་པར་གྱུར་ཏོ།  གང་ལ་ཞེ་ན། ཁོང་གི་དྲུང་ན་དེ་ནི་ལྕུག་མ་ལྟ་བུ་དང་ལྕུག་རྩྭ་ལྟ་བུར་ས་ཆ་སྐམ་པོ་ལས་སྐྱེས་ཏེ། དེ་ལ་བྱད་དང་གཟི་བརྗིད་ཅིའང་མེད་དེ། དེ་ལ་ལྟ་དུས་ངེད་ཀྱི་སེམས་ཀྱིས་འཕྲེང་བའི་མཛེས་ཀྱང་མེད།  མིས་དེ་ལ་སྨད་ཅིང་སྤངས་པར་གྱུར་པ། སྐྱེས་བུ་སེམས་སྡུག་ཅན་དང་། ན་ཚ་ཅི་ཡིན་བཤེས་པ་ཞིག་སྟེ། མི་རྣམས་ཀྱིས་རང་གི་གདོང་པ་དེའི་དྲུང་བཀབ་ནས། ཁོང་ལ་ཁྱད་སོད་བྱས། ངེད་ཀྱིས་ཀྱང་མ་བཀུར་ཏོ༎
 དེས་བདེན་དག་པར་ངེད་ཀྱི་ནད་རྣམས་ཐོགས་ཏེ། ངེད་ཀྱི་སེམས་སྡུག་གྲགས་ཁྱེར་གྱིས། ངེད་ཅག་གིས་དེ་ནི་སྡུག་གིས་གདུངས་པ་དང་། དཀོན་མཆོག་གིས་བརྒྱབས་པ་དང་། གནགས་བསྟན་པར་མཛད་པ་ཞིག་ཡིན་ནོ་བསམས།  འོན་ཀྱང་ངེད་ཀྱི་ཉེས་སྡིག་གི་དོན་དུ་དེ་ལ་རྨ་ཁ་ཕྱུང་སྟེ། ངེད་ཀྱི་མི་ཚངས་པའི་རྐྱེན་གྱིས་དེ་ནི་བརྫིས་སོ། ངེད་ཀྱི་ཞི་བདེའི་དོན་དུ་དེ་ལ་ཉེས་ཆད་ཕོག དེའི་བརྡུང་ཕོག་གིས་ངེད་ཀྱི་ནད་སོས་སོ།  ངེད་ཐམས་ཅད་ལུག་ལྟར་གོལ་ཏེ། རེ་རེ་བཞིན་རང་རང་གི་ལམ་དུ་ཞུགས། ངེད་ཐམས་ཅད་ཀྱི་ཉེས་པ་ཡ་ཧོ་ཝཱས་དེ་ལ་བཀལ།  མནན་ཏེ་སྡུག་ཕོངས་པར་གྱུར་ནས་ཀྱང་། དེས་ཁ་མ་ཕྱེས། བཤན་པའི་རྩར་ཁྱེར་པའི་ལུ་གུའམ། བལ་འབྲེག་མཁན་གྱི་མདུན་དུ་ལུག་ཁ་ལྐུགས་པར་སྡོད་པ་བཞིན་དུ། དེས་ཁ་མ་ཕྱེས་སོ།  གནགས་བསྟན་ཏེ་ཁྲིམས་བཅད་ནས་དེ་ཕར་ཁྲིད་དོ། འོན་ཀྱང་དེ་ནི་གསོན་ཡུལ་ལས་བཅད་དེ་བཏང་བ་དང་། ངའི་འབངས་ཀྱི་ཉེས་སྡིག་གིས་རྐྱེན་བྱས་ཏེ། དེ་ལ་བརྡུང་བརྒྱབ་ཕོག་པའི་སྐོར་དུ། དུས་མཉམ་གྱི་མི་སུས་བསམ་མནོ་བཏང་བ་ཡིན།  དེས་དབང་ཤེད་ཅིའང་མ་བྱས་ཏེ། ཁ་ནང་གཡོ་སྒྱུ་ཅིའང་མེད་ནའང་། དེའི་དུར་ཁུང་ཆོས་མེད་མིའི་ཁྲོད་དུ་བྱས་ཏེ། ཚེ་འདས་པའི་འོག་ཏུ་ཕྱུག་པོའི་ཁྲོད་དུ་འདྲེས་སོ༎
༡༠ དེ་ནས་ཀྱང་དེ་ནི་རྫི་རུ་ཡ་ཧོ་ཝཱ་ཐུགས་མཉེས་ཏེ། སྡུག་བསྔལ་དུ་བཅུག་གོ། དེའི་སེམས་ཀྱིས་སྡིག་པའི་མཆོད་པ་འབུལ་བའི་ཚེ་ན། རང་གི་བརྒྱུད་མཐོང་སྟེ། ཚེ་རིང་ཞིང་། དེའི་ལག་པར་དཀོན་མཆོག་གི་ཐུགས་མཉེས་པ་སྒྲུབ་པར་འགྱུར། ༡༡ རང་གི་སེམས་དཀའ་ལས་ཀྱི་དོན་ལ་བལྟ་བ་དང་། ཚིམ་པར་འགྱུར། དེས་རྟོགས་པས། ངའི་ཞབས་ཕྱི་དྲང་པོས་མི་དུ་མ་སྦྱོང་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེས་དེ་དག་གི་ཉེས་སྐྱོན་རྣམས་ཐོགས་པར་འགྱུར་རོ། ༡༢ དེ་བས་ན་ངས་དེ་ལ་ཆེན་པོ་རྣམས་དང་མཉམ་དུ་སྐལ་བ་སྟེར་འོང་། མཐུ་སྟོབས་ཅན་དང་བཅས་དེས་བཅོམ་ནོར་ལ་བགོ་བཤའ་རྒྱབ་པར་འགྱུར། གང་ལ་ཞེ་ན། དེས་རང་གི་སེམས་འཆི་བ་ལ་ཐུག་པའི་བར་ཡང་ཕོས་ནས། ཉེས་པ་ཅན་གྱི་ཁྲོད་དུ་བརྩིས་མོད། དེས་མི་མང་པོའི་སྡིག་པ་ཐོགས་ནས། སྡིག་ཅན་རྣམས་ཀྱི་ངོ་ཆེན་བྱས་སོ༎