ཤ་ལོ་མོའི་གསུང་གླུ།
༡
ཤ་ལོ་མོས་མཛད་པའི་གླུ་དབྱངས་ནང་གི་གསུང་གླུ་ནི། ༢ རྒུན་ཆང་ལས་ཁྱེད་ཀྱི་གདུང་སེམས་གཅེས་པས། ཁྱེད་ཀྱི་ཞལ་གྱི་འོ་རྣམས་ཀྱིས་ང་ལ་འོ་མཛད་པར་ཤོག ༣ ཁྱེད་ཀྱི་སྤོས་ཆུའི་དྲི་བསུང་བཟང་པོ་སྟེ། ཁྱེད་ཀྱི་མཚན་དང་བླུགས་པའི་སྤོས་ཆུ་མཚུངས། དེའི་ཕྱིར་ལང་ཚོ་མ་རྣམས་ཁྱེད་ལ་གདུང་། ༤ བདག་འདྲེན་པར་མཛོད། ངེད་ཁྱེད་ཀྱི་ཕྱི་བཞིན་རྒྱུག་པར་བྱ། རྒྱལ་པོས་ཉིད་ཀྱི་གཟིམས་ཆུང་ལ་བདག་ཁྲིད་པས། ཁྱེད་ཀྱི་ནང་ན་ངེད་ཅག་དགའ་ཞིང་མགུ་བར་བྱ། རྒུན་ཆང་ལས་ལྷག་པར་ཁྱེད་ཀྱི་གདུང་སེམས་ལ་སྟོད་པར་བྱ། དེ་ཚོས་སྙིང་ནས་ཁྱེད་གཅེས་པར་འཛིན།༥ ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་རྣམས། ང་ནི་ཀེ་དར་གྱི་རེ་བོ་དང་། ཤ་ལོ་མོའི་ཡོལ་བ་ལྟར། ནག་མོ་ཡིན་ཀྱང་མཛེས། ༦ ཉི་མས་ཚིག་ནས་ང་ནག་མོ་ཡིན་པས། ང་ལ་མ་ལྟ་ཞིག ངའི་མའི་བུ་རྣམས་བདག་ལ་ཁྲོས་ནས། རྒུན་ཚལ་རྣམས་སྲུང་དུ་བདག་བཞག་པས། རང་གི་རྒུན་ཚལ་ངས་མ་བསྲུངས་པ་ཡིན།
༧ ཀྱེ་ངའི་སྲོག ཁྱེད་ཀྱིས་གང་དུ་འཚོ་བར་མཛད་པ་ང་ལ་ཤོད་ཅིག ཉིན་གུང་ལུག་ཁྱུ་གང་དུ་འཇོག་པར་མཛད། དེ་ཅིའི་ཕྱིར་ཞེ་ན། བདག་ཅིའི་ཕྱིར་ཁྱེད་ཀྱི་གྲོགས་པོ་རྣམས་ཀྱི་མདུན་དུ། གདོང་ཁེབས་མཁན་ལྟར་འགྱུར་བར་རུང་།
༨ ཀྱེ་མོ་ཐོག་ཆོད་པ་ཁྱོད་ལ་རྒྱུས་མེད་ན། ཁྱུའི་རྐང་རྗེས་བཟུང་ནས་སོང་ལ། རྫི་བོའི་རི་བོ་རྣམས་ཀྱི་ཉེ་འཁོར་རང་གི་ར་གུ་རྣམས་འཚོ་བར་མཛོད།
༩ ཀྱེ་ངའི་སྲོག ངའི་ཕར་ཨོའི་ཤིང་རྟའི་རྒོད་མའི་དཔེ་ཟླར་ངས་ཁྱེད་འཛིན། ༡༠ སྐྲ་ལོ་དང་ལྡན་པའི་ཁྱེད་ཀྱི་ཁུར་ཚོས་མཛེས། རིན་པོ་ཆེའི་འཕྲེང་བ་རྣམས་ཁྱེད་ཀྱི་མགུལ་དུ་ཡོད། ༡༡ ངེད་ཀྱིས་ཁྱེད་ལ་དངུལ་གྱི་ཚགས་ཡོད་པའི་གསེར་གྱི་འཕྲེང་བ་བཟོ་བར་བྱ།
༡༢ རྒྱལ་པོས་གསོལ་བ་བཞེས་རིང་དུ། ངའི་ཛ་ཊ་མམ་སིའི་དྲི་བསུང་ཐུ་ལུ་ལུ། ༡༣ ངའི་སྲོག་ནི་ང་ལ་གུ་གུལ་གྱི་ཆག་བུ་འདྲ་ཡིན། ཁོང་ངའི་ནུ་མའི་བར་ན་ཉལ་གྱིན་ཡོད། ༡༤ ངའི་སྲོག་ང་ལ་ནི་ཨེན་གེ་དཱིའི་རྒུན་ཚལ་རྣམས་ཀྱི་ཧེན་ནཱའི་མེ་ཏོག་གི་ཆག་བུར་གདའ།
༡༥ གཟིགས་ངའི་ཡིད་གྲོགས། ཁྱེད་ཀྱི་གཟུགས་མཛེས། གཟིགས། ཁྱེད་བྱད་གཟུགས་ལེགས། ཁྱེད་ནི་ཕུག་རོན་གྱི་སྤྱན་དང་ལྡན།