༡༢
ད་ན་གཞོན་གྱི་ཞག་རྣམས་སུ་རང་གི་མཛད་པ་པོ་ཁོང་དྲན་པར་བྱོས། ནམ་ཞེ་ན། ངན་པའི་ཉི་མ་རྣམས་མ་འབབ་པའི་བར་དུའམ། ཁྱོད་ཀྱིས་ང་ལ་དགའ་ཚོར་གང་ཡང་མེད་དོ་ཟེར་བའི་ལོ་དེ་རྣམས་མ་བཅེར་བའི་བར་དུ།  ཉི་མའམ། འོད་དམ། ཟླ་བའམ། སྐར་མ་རྣམས་མ་འགྲིབ་པར། སྤྲིན་རྣམས་ཆར་པའི་རྗེས་སུ་མ་འཁོར་བའི་བར་དུ།  ཁང་པ་བསྲུང་མཁན་འདར་དུས་ཀྱི་ཞག་དང་། དཔའ་བོ་རྣམས་མགོ་དགུར་ཞིང་། རང་འཐག་མ་རྣམས་མི་ཉུང་བའི་རྐྱེན་གྱིས་ལས་མེད་དེ། དཀར་ཁུང་རྣམས་ལས་ཕར་ལྟ་བ་རྣམས་གནག་པར་གྱུར་ཏེ།  ལམ་སྲང་གི་སྒོ་རྣམས་བཅད་དེ། རང་འཐག་གི་སྐད་ཉམས་ཏེ། བྱ་སྐད་ཀྱིས་མི་རྣམས་འདྲོག་ཅིང་། སྒྲ་སྙན་མ་ཐམས་ཅད་ཕབ་པའི་དུས་དང་།  མི་རྣམས་མཐོན་པོར་འཇིག་སྟེ། ལམ་ལ་འཇིགས་སྐྲག་རྣམས་འོང་ཞིང་། བ་དམ་ཤིང་རྒྱས་པ་དང་། ཆ་ག་འབུས་རང་འདྲུད་ཅིང་། ཀབ་ར་རྣམས་ཡལ་བའི་དུས་ལའོ། དེ་ཅིའི་ཕྱིར་ཞེ་ན། མི་རང་གི་དུས་གཏན་གྱི་ཁྱིམ་དུ་འགྲོ་བས། མྱ་ངན་བྱེད་པ་རྣམས་ལམ་འགག་ན་རྒྱུ་བར་འགྱུར་རོ།  ཡང་ན་དངུལ་གྱི་ཐག་པ་འགྲོལ་ཞིང་། གསེར་ཕོར་ཆག་ཅིང་། ཆུ་མིག་གི་རྩར་བུམ་པ་ཆག་ཅིང་། ཆུ་དོང་གི་རྩར་འཁོར་ལོ་འཇིག་པར་འགྱུར་བར་འགྱུར་རོ།  དེ་ནས་སྔར་ཡོད་པ་ལྟར་དུ་ཐལ་བ་ནི་ཐལ་བར་ལོག སེམས་ཉིད་ནི་དེ་གནང་མཁན་གྱི་དཀོན་མཆོག་གི་དྲུང་དུ་ལོག་པར་འགྱུར་རོ༎
 སྙིང་པོ་མེད་པ་རྣམས་ཀྱི་སྙིང་པོ་མེད་པའོ། ཞེས་སྟོན་པས་གསུང་། ཐམས་ཅད་སྙིང་པོ་མེད་པའོ༎
 སྟོན་པ་མང་དུ་མཁས་པ་ཡིན་པས། མི་རྣམས་ལ་རིག་པ་མང་དུ་བསླབས་སོ། འོ་ན། དེས་བསམ་བློ་ཞིབ་པར་བཏང་ནས། ལེགས་པར་བཙལ་ཏེ། གཏམ་དཔེ་མང་པོ་རིམ་པར་བཀོད་པ་ཡིན་ནོ། ༡༠ སྟོན་པས་ཡིད་དུ་འོང་བའི་ཚིག་རྣམས་བཙལ་བཙལ་བ་ལས། བདེན་ཚིག་རྣམས་བློ་དྲང་པོས་བྲིས་སོ༎
༡༡ མི་མཁས་པའི་ཚིག་ནི་མཚོན་དང་། མི་ཚོགས་ཀྱི་དཔོན་པོ་དག་གི་གསུང་ནི་བཏགས་པའི་ཕུར་པ་དང་མཚུངས་ཏེ། དེ་རྣམས་རྫི་བོ་གཅིག་ལས་བརྙེད་དོ། ༡༢ དེ་བས་ན་ངའི་བུ། གདམས་ངག་དེ་དང་དུ་བློངས་ཤིག དཔེ་ཆ་མང་པོ་བྱེད་པ་ལ་རྫོགས་དུས་མེད། སྐྱོར་སྦྱངས་མང་བས་ལུས་དུབ་ཏུ་བཅུག་གོ།
༡༣ ཐོས་པར་གྱུར་པ་ཐམས་ཅད་ཀྱི་མཐར་ཐུག་དེ་ནི་འདི་ལྟ་སྟེ། དཀོན་མཆོག་ལ་འཇིགས་ཤིང་། ཁོང་གི་བཀའ་རྒྱ་རྣམས་སྲུངས་ཤིག འདི་ནི་མིའི་ཕྱིར་ཚུལ་ཁྲིམས་ཚང་འགྲིག་དེ་ཡིན་ནོ། ༡༤ དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་ལས་ཐམས་ཅད། བཟང་པོ་ཡིན་རུང་། ངན་པ་ཡིན་རུང་། སྦས་ཡོད་པ་ཐམས་ཅད་དང་བཅས་སུ་ཞལ་ཆེ་གཅོད་དུ་འབྱིན་པར་མཛད་པར་འགྱུར་རོ༎ ༎