༣༢
ལྟོས་ཤིག རྒྱལ་པོ་ཞིག་གིས་དྲང་བ་ཉིད་ཀྱི་ངང་ནས་སྲིད་སྐྱོང་ཞིང་། སྐུ་དྲག་རྣམས་ཀྱིས་ཁྲིམས་དྲང་པོའི་ངང་ནས་དབང་མཛད་པར་འགྱུར།  ཡང་རླུང་དྲག་ལས་སྐྱབས་གནས་དང་། བུ་ཡུག་ལས་ཡིབ་ས་དང་། ལུང་པ་སྐམ་པོའི་ནང་གཙང་པོ་རྣམས་དང་། ཉམས་ཐག་པའི་ཡུལ་ནང་ལྷུན་ཆེ་བའི་བྲག་གི་གྲིབ་བསིལ་དུ་མི་ནི་འགྱུར་བ་དང་།  མཐོང་བའི་མིག་ཟིམ་ཟིམ་མི་འགྲོ། ཐོས་པའི་རྣ་བས་གོ་བར་འགྱུར།  མི་ཙབ་ཙོབ་ཀྱིས་ཡེ་ཤེས་རྟོགས་ཤིང་། ཁ་དིག་གི་ལྕེས་ཚིག་གསལ་པོར་ལབ་ཆོག་ཆོག་འགྲོ་ཡོང་།  དེ་ཕྱིན་ཆད་མི་ངན་ལ་ཡ་རབས་དང་། བརྣབས་ཅན་ལ་གཏོང་ཕོད་ཅན་ཟེར་བར་མི་འགྱུར།  དེ་ཅིའི་ཕྱིར་ཞེ་ན། ཐུ་བའི་མིས་ངན་པ་བྱེད་ཅིང་། ཡ་ཧོ་ཝཱ་ལ་རྒོལ་བའི་ཚིག་བརྗོད་ཅིང་། བཀྲེས་པའི་ལྟོ་པ་སྟོང་པ་དང་། སྐོམ་མཁན་ལས་བཏུང་བ་འཕྲལ་བར་བྱེད་པའི་དོན་དུ། པྲ་ཆལ་གྱི་གཏམ་བྱེད་ཅིང་། སྙིང་གིས་མི་ཚངས་པ་སྤྱོད་པར་འགྱུར།  བརྣབས་ཅན་གྱི་ལག་ཆ་ཡང་ངན་པ་སྟེ། མེད་པོས་རིགས་པ་སྨྲ་བའི་ཚེ་ནའང་རྫུན་ཚིག་གིས་དབུལ་ཕོངས་མེད་པར་བྱེད་དུ་གྲོས་ངན་རྩོམ་གྱི།  ཡ་རབས་ཀྱིས་ཡ་རབས་ཀྱི་གྲོས་རྩོམ་ཞིང་། ཡར་བས་ཀྱི་བྱ་བར་བརྟན་པར་གནས།
 སེམས་ལྷོད་ཀྱིས་ཡོད་པའི་བུད་མེད་ཁྱོད་རྣམས་ལོང་ལ། ངའི་སྒྲ་ལ་ཞོན་ཞིག བུ་མོ་ཡག་སྐྱ་ཁྱོད་རྣམས། ངའི་གཏམ་ལ་རྣ་བ་ཐུད་ཅིག ༡༠ ལོ་འཁོར་ཐལ་ཙམ་གྱི་འོག་ཏུ་ཁྱོད་བུད་མེད་ཡག་སྐྱ་རྣམས་སྡུག་བསྔལ་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རྒུན་ཤིང་ལ་ཐོག་མི་ཆགས། འབྲས་བུ་བསྡུ་བའི་སྐབས་འབྱུང་བར་མི་འགྱུར། ༡༡ སེམས་ལྷོད་ཀྱི་ཡོད་པའི་བུད་མེད་དག་འདར་ཞིང་། ཁྱོད་ཡག་སྐྱ་རྣམས་སྒྲེན་མོ་དང་གཅེར་བུར་བྱོས་ཤིག རང་གི་རྐེད་པར་རྩྭ་ཕད་དཀྲི་བར་བྱོས་ཤིག ༡༢ དེ་དག་གིས་ཡིད་དུ་འོང་བའི་ཞིང་དང་རྒུན་འབྲུམ་མང་པོ་ཆགས་པའི་རྒུན་ཤིང་གི་ཕྱིར་བྲང་རྡུང་བར་བྱེད། ༡༣ ངའི་འབངས་ཀྱི་ཡུལ་ཁམས་ཀྱི་ནང་དུ་ཚེར་མ་དང་། སེ་བ་སྐྱེ་བར་འགྱུར། འོ་ན། གྲོང་ཁྱེར་སྐྱིད་པོའི་ཁྱིམ་སྐྱིད་པོ་ཐམས་ཅད་ཀྱི་ཁར་སྐྱེ་བར་འགྱུར་རོ། ༡༤ དེ་ཅིའི་སླད་དུ་ཞེས་ན། ཕོ་བྲང་རྣམས་སྤངས་ཏེ། མི་མོད་པོའི་གྲོང་ཁྱེར་སྟོངས་ནས། རྫོང་དང་སྤེའུ་ནི་དུས་རྒྱུན་གྱི་ཕྱིར་རྐྱང་གི་བསྟི་གནས་དང་ཕྱུགས་འཚོ་བའི་ཚང་དུ་འགྱུར་བར་འགྱུར། ༡༥ སྟེང་ནས་ངེད་ཅག་གི་ཐོག་ཏུ་ཐུགས་ཉིད་བླུག་པའི་འོག་ཏུ། འབྲོག་སྟོང་ནི་སྟོན་ཐོག་ལེགས་པའི་ཞིང་ཁ་དང་། སྟོན་ཐོག་ལེགས་པའི་ཞིང་ཁ་ནི་ནགས་ཚལ་དུ་རྩི་བར་འགྱུར། ༡༦ དེ་ནས་འབྲོག་སྟོང་ན་ཁྲིམས་དྲང་པོ་གནས་ཤིང་། སྟོན་ཐོག་ལེགས་པའི་ཞིང་ན་དྲང་བ་ཉིད་གནས་པར་འགྱུར་རོ། ༡༧ ཡང་དྲང་བ་ཉིད་ཀྱི་ལས་ནི་ཞི་བདེ་དང་། དྲང་བ་ཉིད་ཀྱི་འབྲས་བུ་ནི་དུས་གཏན་གྱི་ཕྱིར་ཞི་བདེ་དང་གདེང་ཚད་དུ་འགྱུར་བར་འགྱུར། ༡༨ ཡང་ངའི་ཡུལ་མི་རྣམས་བདེ་བའི་ཁྱིམ་དང་། གདེང་ཚད་ཀྱི་གནས་ཚང་དང་། ཡང་དག་པའི་ངལ་གསོའི་ས་ཆ་རྣམས་སུ་གནས་པར་འགྱུར།
༡༩ འོན་ཀྱང་ནགས་ཚལ་ས་ལ་ལོག་དུས་སུ་སེར་བ་འབབ་ཅིང་། གྲོང་ཁྱེར་ནི་དམའ་བའི་སར་དམའ་བར་འགྱུར།
༢༠ ཆུ་ཀུན་གྱི་འགྲམ་དུ་ཞིང་རྨོ་ཞིང་། གླང་དང་བོང་བུའི་རྐང་པ་དེར་འགྲོར་འཇུག་པ་ཁྱེད་ཅག་བདེའོ༎