༢༡
རྒྱ་མཚོའི་འགྲམ་གྱི་འབྲོག་སྟོང་གི་དོན་དུ་ལུང་བསྟན་ནི། ཇི་ལྟར་ལྷོ་ཕྱོགས་ཀྱི་རླུང་དྲག་རྣམས་རྒྱུག དེ་ལྟར་འབྲོག་སྟོང་གི་ནང་ནས་འཇིགས་སུ་རུང་བའི་ཡུལ་ལས་ཚུར་འོང་མཁན་ཞིག་འདུག  བདག་གིས་གཟིགས་སྣང་འཇིགས་སུ་རུང་བ་ཞིག་མཐོང་། ལོག་པར་ཅན་གྱིས་ལོག་པར་བྱེད་ཅིང་། ཇག་པས་ཇག་པ་རྒྱུག་གིན་འདུག ཀྱེ་ཨེ་ལམ། དམག་ལ་སོང་། ཀྱེ་མ་དཱ་ཨི། དམག་བསྐོར་ཐོང་ཞིག དེ་དག་གི་ཁོང་ཤུགས་ཐམས་ཅད་ངས་མེད་པར་བྱེད་དོ།  དེས་ན་ངའི་རྐེད་པ་ནི་ཟུག་གཟེར་གྱིས་ཁྱབ་སྟེ། སྐྱེ་གཟེར་གྱིས་ཐེབས་པས་བུད་མེད་ཀྱི་དྲག་གཟེར་དང་འདྲ་བར། བདག་ཀྱང་དྲག་གཟེར་གྱིས་ཐེབས། ང་ཁུམས་པས་ཐོས་མི་ནུས། ཟུག་རྔུ་ཡིས་མཐོང་མི་ནུས།  ངའི་སྙིང་འཕྱོས་ཏེ། དངང་སྐྲག་པས་བདག་སྐྲགས་ནས། ངའི་དགོངས་མོའི་དགའ་བ་ནི་འཇིགས་པ་རུ་གྱུར་ཏོ༎
 ལྕོག་ཙེར་ཁ་ཟས་བཤམས་ཏེ། གདན་བཏིང་ནས། དེ་དག་གིས་ཟ་ཞིང་འཐུང་ངོ་། ཀྱེ་རྒྱལ་ཕྲན་དག་བཞེངས་ལ། ཕུབ་ལ་སྣུམ་བྱུགས་ཤིག
 དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་བདག་ལ་འདི་སྐད་གསུང་། ཅི་དང་ཅི་མཐོང་བ་དེ་སྒྲོག་ཏུ་སོ་པ་ཞིག་བོར་ཞིག  དེས་དམག་ཚོགས་དང་། རྟ་པ་ཟུང་ཟུང་དང་། བོང་བུའི་ཞོན་པ་དང་། རྔ་མོང་གི་ཞོན་པ་རྣམས་མཐོང་དུས། ཡིད་གཞུངས་ཏེ་ནན་ཏན་ཉན་པར་དགོས།  ཁོས་སེང་གེའི་སྐད་བཏོན་ཞིང་། ཀྱེ་གཙོ་བོ། ཉིན་ཐོག་ཐག་ཏུ་བདག་རང་གི་སྤིའུའི་ཁར་ཀེ་རེ་དང་། མཚན་ཐོག་ཐག་ཏུ་རང་གནས་སུ་བསྡད་པ་ལགས།  ཡང་ཀྱེ་ཧོ། རྟ་པ་ཟུང་ཟུང་གི་དམག་མིའི་དཔུང་ཚོགས་ཤིག་འོང་གིན་འདུག ཅེས་འབོད་བསྒྲགས་སོ། དེས་གླེང་འཕྲོ་མ་ཆད་པར། བཱ་བེལ་ལྷུང་བར་གྱུར་ཏོ། ལྷུང་བར་གྱུར་ཏོ། དེའི་ལྷ་རྣམས་ཀྱི་འདྲ་སྐུ་བརྐོས་མ་ཐམས་ཅད་ཁོང་གིས་བཅག་ནས་ས་ལ་བརྡབས།
༡༠ ཀྱེ་ངའི་ཁྱུ་ཡིས་བསྐོར་ནས་རྡོག་རྫིས་སུ་བཏང་བའི་ངའི་གཡུལ་འཐག་གི་བུ། ཨིས་ར་ཨེལ་གྱི་དཀོན་མཆོག་ལགས་པའི་དཔུང་ཆེན་གྱི་ཡ་ཧོ་ཝཱ་ལས་ངས་གང་ཐོས་པ་དེ་ནི་ཁྱོད་ཅག་ལ་བསྒྲགས་སོ༎
༡༡ དུ་མཱ་བྱ་བའི་དོན་དུ་ལུང་བསྟན་ནི།
སེ་ཨིར་ནང་ནས་བདག་ལ་བོས་ཤིང་། སོ་པ། མཚན་མོའི་ཐུན་ཙམ་པ་འདུག སོ་པ། མཚན་མོའི་ཐུན་ཙམ་འདུག་ཅེས་དྲིས་པ་དང་། ༡༢ སོ་པས། ནམ་ལང་ཡང་ད་དུང་མཚན་མོ་འདུག འདྲི་འདོད་ན་དྲིས་ཤིག ཡང་ལོག་ཤོག་ཅེས་སྨྲས་སོ༎
༡༣ ཨ་རཱབ་ཀྱི་དོན་དུ་ལུང་བསྟན་ནི། ཀྱེ་དེ་དཱན་གྱི་བྱེས་པའི་བྲང་ཚོ་རྣམས། ཨ་རཱབ་ཀྱི་ཚོགས་ནང་ཁྱོད་དགོངས་ས་བྱེད་པར་འགྱུར། ༡༤ ཐེ་མཱའི་ཡུལ་པ་དག་གིས་སྐོམ་པ་རྣམས་ལ་ཆུ་ཁྱེར་ཏེ། བྲོས་པ་རྣམས་བག་ལེབ་ཀྱིས་བསུས་ཤིག ༡༥ གང་ལ་ཞེ་ན། རལ་གྲི་རྣམས་དང་། རལ་གྲི་རྗེན་པ་དང་། བཀུག་པའི་གཞུ་དང་། དམག་འཐབ་དྲག་པོ་ལས་དེ་རྣམས་བྲོས་པའི་ཕྱིར་རོ༎
༡༦ དེ་ཅིའི་སླད་དུ་ཞེ་ན། ཡ་ཧོ་ཝཱས་བདག་ལ་འདི་སྐད་དུ། གླ་པའི་ལོ་ལྟ་བུའི་ལོ་གཅིག་ཁྱིར་འཁོར་གྱི་ནང་ན། ༡༧ ཀེ་དར་གྱི་དཔལ་བུད་དེ། ཀེ་དར་གྱི་དཔའ་བོའི་མདའ་པ་ཕྱི་ལུས་ཀྱི་གྲངས་ཀྱང་འབྲི་བར་འགྱུར་རོ། ཞེས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་གསུངས་པའི་ཕྱིར་རོ༎