ཞག་དེར་བུད་མེད་བདུན་གྱིས་སྐྱེས་པ་གཅིག་ལ་འཇུས་ཏེ་དེ་ལ། ངེད་ཅག་རང་གི་ཁ་ཟས་ཟ་ཞིང་གོས་ཀྱང་གྱོན་པར་བྱའི། ངེད་ཚོའི་ངོ་ཚ་མེད་པར་འགྱུར་བའི་དོན་དུ། ཁྱེད་ཀྱི་མིང་ངེད་ལ་འཁུར་དུ་ཆུག་ཅིག ཅེས་ཞུ་བར་འགྱུར།
 ཉིན་མོ་དེར་ཡ་ཧོ་ཝཱའི་ལྕུག་གསར་དེ་མཚར་ལ་དཔལ་དང་ལྡན་ཏེ། ཨིས་ར་ཨེལ་ལས་ཐར་ཞིང་ལུས་པ་དག་གི་ཕྱིར། ས་གཞིའི་འབྲས་བུ་རྒྱུ་དག་དང་སྡུག་པར་འགྱུར་བར་འགྱུར།  དེ་ནས་ཙི་ཨོན་གྱི་ནང་ན་ལུས་ཡོད་པའམ། ཡེ་རུ་ཤ་ལེམ་གྱི་ལྷག་མ་ཐམས་ཅད་དམ། ཡེ་རུ་ཤ་ལེམ་གྱི་གསོན་པོ་དག་གི་ནང་དུ་མིང་ཆུད་ཚད། དམ་པ་ལགས་ཅེས་བརྗོད་པར་བྱའོ།  ཡ་ཧོ་ཝཱས་ཙི་ཨོན་གྱི་བུ་མོའི་དྲི་མ་ཁྲུས་ཏེ། ཡེ་རུ་ཤ་ལེམ་གྱི་དཀྱིལ་ནས་ཁྲག་དེ་ནི་ཞལ་ཆེ་དྲང་པོའི་ཐུགས་ཉིད་དང་། འབར་བའི་ཐུགས་ཉིད་ཀྱི་སྒོ་ནས་སྦྱོང་བའི་ཚེ་ན།  ཡ་ཧོ་ཝཱས་སླར་ཡང་རི་བོ་ཙི་ཨོན་གྱི་གནས་རེ་རེ་དང་། དེའི་མདུན་མ་རྣམས་ཀྱི་སྟེང་ན་ཉིན་མོར་སྤྲིན་དང་དུ་བ་ཞིག་དང་། མཚན་མོར་མེ་ལྕེ་འབར་བའི་འོད་ཅིག་དགོད་དོ། དེ་ཅིའི་ཕྱིར་ཞེ་ན། གཟི་བརྗིད་དེ་ཐམས་ཅད་སྲུང་བའི་ཕྱིར་རོ།  ཡང་ཉིན་མོའི་ཚད་པའི་དུས་སུ་བསིལ་སྒྲིབ་སྦྱིན་པ་དང་། རླུང་དམར་དང་ཆར་དུས་སུ་བསྟི་གནས་དང་ཐར་པའི་རྫོང་དུ་འགྱུར་བའི་གུར་ཞིག་ཀྱང་འགྱུར་བར་འགྱུར་རོ༎