ཀྱེ་ཧོ། ངའི་ཡིད་གྲོགས། བཞིན་བཟང་མ། ཀྱེ་ཧོ། བཞིན་བཟང་མ། ཞལ་ཁེབས་ཀྱི་ཕག་ཏུ་ཁྱེད་ལ་ཕུག་རོན་གྱི་སྤྱན་མངའ། ཁྱེད་ཀྱི་ལྕང་ལོ་ནི། གིལ་ཨད་རིའི་ངོགས་ལ་སྡོད་པའི་ར་ཁྱུ་དང་མཚུངས།  བལ་བྲེགས་ཏེ་བཀྲུས་ནས་ཕྱིར་འོང་བ་དང་རེ་རེ་ལ་ལུ་གུ་མཚེ་མ་ཡོད་དེ། སྐམ་མོ་གང་ཡང་མེད་པའི་ལུག་ཁྱུ་དང་། ཁྱེད་ཀྱི་ཚེམས་འདྲ་སྟེ།  ཁྱེད་ཀྱི་མཆུ་དང་མཚལ་གྱི་སྣལ་མ་འདྲ། ཁྱེད་ཀྱི་ཞལ་བདེ། ལྕང་ལོའི་འོག་གི་ཁྱེད་ཀྱི་འགྲམ་པ་དང་སེ་འབྲུ་ཕྱེད་ཀ་འདྲ།  མི་དཔའ་བོའི་ཕུབ་ཡིན་པའི་ཕ་ལི་སྟོང་ཕྲག་འཕྱར་ཡོད་པའི་དཱ་བིད་ཀྱི་མཚོན་ཆའི་རྫོང་དང་ཁྱེད་ཀྱི་མཇིང་པ་མཚུངས།  དྲེས་མའི་མེ་ཏོག་གི་གསེབ་ན་རྩྭ་ཟ་བའི་དགོ་བའི་ར་གུ་མཚེ་མ་དང་ཁྱེད་ཀྱི་ནུ་མ་གཉིས་པོ་མཚུངས།
 ཉི་མ་ཡོལ་ཏེ། གྲིབ་བསིལ་མ་ཡོལ་གོང་དུ་ཛ་ཊ་མམ་སིའི་རི་བོ་དང་། སྤོས་དཀར་གྱི་སྒང་ཁར་འཛེགས་པར་བྱ།
 ཀྱེ་ངའི་ཡིད་གྲོགས་ཁྱེད་རྣམ་ཀུན་མཛེས་ཤིང་། ཁྱེད་ཀྱི་ནང་དུ་རྨེ་བ་གང་ཡང་མེད།  ངའི་གཏན་གྲོགས། ང་དང་མཉམ་དུ་ལི་བ་ནོན་ནས་བྱོན། ལི་བ་ནོན་ནས་བྱོན་དང་། ཨ་མ་ནཱའི་རི་རྩེ་དང་། སེ་ནིར་དང་ཧེར་མོན་གྱི་རི་རྩེ་དང་། སེང་གེའི་ཚང་རྣམས་དང་། གཟིག་གི་རི་རྣམས་ལས་གཟིགས་མཛོད།  ངའི་ལྕམ། ངའི་གཏན་གྲོགས། ཁྱེད་ཀྱི་སྤྱན་ཡ་གཅིག་གིས་ངའི་སྙིང་ཕྲོགས་ཏེ། མགུལ་གྱི་སྐེ་འཕྲེང་གིས་ངའི་སྙིང་ཕྲོགས་ཏེ་ཁྱེར། ༡༠ ངའི་ལྕམ། ངའི་གཏན་གྲོགས། ཁྱེད་ཀྱི་གཅེས་འཛིན་ལེགས་ཏེ། རྒུན་ཆང་བས་ཀྱང་ཁྱེད་ཀྱི་གཅེས་འཛིན་གཅེས། ཁྱེད་ཀྱི་སྤོས་ཆུའི་དྲི་ཞིམ་ནི། དྲི་བཟང་རིགས་ཀུན་པས་རབ་སྟེ། ༡༡ ངའི་གཏན་གྲོགས། ཁྱེད་ཀྱི་མཆུ་ལས་སྦྲང་རྩི་འཐིག ཁྱེད་ཀྱི་ལྗགས་ཀྱི་འོག་ཏུ་སྦྲང་རྩི་དང་འོ་མ་ཡོད། ཁྱེད་ཀྱི་ན་བཟའི་དྲི་བསུང་དང་ལི་བ་ནོན་གྱི་དྲི་བཟང་མཚུངས། ༡༢ ངའི་ལྕམ། ངའི་གཏན་གྲོགས་ནི་སྒོ་བཅད་པའི་སྐྱེད་མོས་ཚལ་དང་། སྒོ་བསྡམས་པའི་ཆུ་མིག་དང་། ཐེ་མོ་བརྒྱབ་པའི་ཁྲོན་པ་ཞིག་ལགས། ༡༣ ཁྱེད་ཀྱི་ལྕུག་ཕྲན་རྣམས་ནི། རིན་ཐང་ཆེ་བའི་ཤིང་ཐོག་དང་ལྡན་པའི་སེ་འབྲུའི་སྐྱེད་མོས་ཚལ་དང་། ༡༤ ཧེན་ནཱ་དང་། ཛ་ཊ་མམ་སིའི་ཤིང་དང་། ཛ་ཊ་མམ་སི་དང་། གུར་ཀུམ་དང་། ཆུ་ཐག་དང་། ཤིང་ཚ་དང་། སྤོས་ཀྱི་ཤིང་རྣམས་དང་། གན་དྷ་ར་ས་དང་། ཨ་ལོ་ཨེ་དང་། གཙོ་ཆེ་བའི་སྤོད་ཀུན་ནོ། ༡༥ ཁྱེད་ནི་སྐྱེད་ཚལ་གྱི་ཆུ་མིག་དང་། སྲོག་གི་ཆུའི་ཁྲོན་པ་དང་། ལི་བ་ནོན་གྱི་ཆུ་ཀླུང་ཡིན།
༡༦ དྲི་བཟང་ལྡང་བའི་ཕྱིར་དུ། ཀྱེ་བྱང་རླུང་གཉིད་ནས་ལོངས་ཤིག ལྷོ་ཀླུང་ཡང་ངའི་ཚལ་དུ་རྒྱུག་ཅིག ངའི་ཡིད་གྲོགས་རང་གི་སྐྱེད་མོས་ཚལ་དུ་བྱོན་ཏེ། དེའི་ཤིང་ཏོག་བཟང་པོ་རྣམས་བཞེས་པར་ཤོག་ཅིག།