༡༠
སྦྲང་བུ་ཤི་རོས་སྤོས་ཆུ་མཁན་གྱི་སྤོས་ཆུ་ལ་དྲི་ངན་བྲོ་རུ་འཇུག་པ་ལྟར་དུ། གླེན་པའི་བྱ་བ་ཆུང་བ་ཞིག་གིས་ཀྱང་ཤེས་རབ་དང་ཞེ་ས་དང་ལྡན་པ་ལ་བྱེད།
 མི་མཁས་པའི་སྙིང་གཡས་ཕྱོགས་སུ་ཡོད་ཀྱིས། བླུན་པོའི་སྙིང་གཡོན་ཕྱོགས་སུ་ཡོད།  མི་གླེན་པ་ལམ་ལ་འགྲུལ་དུས་སུ་བློ་གྲོས་མེད་དེ། དེས་མི་ཀུན་ལ་ང་བླུན་པོ་ཡིན་ནོ་ཟེར།
 ཇི་སྟེ་མངའ་བདག་གི་སེམས་ཁྱོད་ལ་ཁྲོས་ན། རང་གི་གནས་མལ་དེ་མ་ཐོང་ཞིག དེ་ཅིའི་ཕྱིར་ཞེ་ན། འཇམ་པོས་ཉེས་པ་ཆེན་མོ་རྣམས་ཀྱང་ཞི་བར་བྱེད་དོ༎
 ངས་ཉི་མའི་འོག་ན་མཐོང་བའི་ཐུ་བ་ཞིག་འདུག མངའ་བདག་ལས་ཀྱང་ནོར་འཁྲུལ་ལྟ་བུ་ཞིག་འབྱུང་ངོ་།  བླུན་སེམས་མཐོ་སར་སྡོད་རུང་། ཕྱུག་པོ་དམན་སར་སྡོད།  ངས་གཡོག་པོ་རྣམས་རྟ་ཐོག་དང་། ཇོ་བོ་རྣམས་བྲན་པོ་ལྟར་ས་སྟེང་ལ་རྐང་ཐང་དུ་འགྲུལ་བར་མཐོང་ངོ་༎
 ས་དོང་འབྲུ་མཁན་རང་དེའི་ནང་དུ་འགྲིལ་བར་འགྱུར། ར་བ་བཤིག་མཁན་ལ་སྦྲུལ་གྱིས་སོ་རྒྱབ་པར་འགྱུར།  རྡོ་བ་རྣམས་འདོན་མཁན་དེ་འགྲམ་པར་འགྱུར། ཤིང་གཤགས་མཁན་ལ་དོགས་པ་ཆེ།
༡༠ ལྕགས་ཁ་རྟུལ་བའི་ཁ་མ་འདོན་ན། ཤེད་མང་དུ་གཏོང་དགོས་འབྱུང་། འོན་ཀྱང་མགོ་སྐྱོང་བའི་ཕྱིར་ཤེས་རབ་ཕན་ཐོགས་ཆེ།
༡༡ སྔགས་ལས་སྔར་སྦྲུལ་གྱིས་སོ་རྒྱབ་ན། སྔགས་པའི་ཕན་དོན་ཅིའང་མེད།
༡༢ མཁས་པའི་ཞལ་གྱི་གཏམ་ཡིད་དུ་འོང་བ་ལགས། འོན་ཀྱང་གླེན་པའི་མཆུས་དེ་རང་མིད་པར་བྱེད། ༡༣ དེའི་ཁའི་གཏམ་གྱི་ཐོག་མ་ནི་བླུན་སེམས་དང་། གཏམ་གྱི་ཐ་མ་ནི་བློ་དམུན་གྱི་བསྟན་བཤིག་ཡིན་ཏེ། ༡༤ བླུན་པོས་ལབ་ལབ་བྱེད། ཕྱིས་འབྱུང་རྒྱུ་དེ་མིས་འཆད་མི་ནུས་ཏེ། དེའི་འོག་ཏུ་འབྱུང་བར་འགྱུར་བ་ནི་སུས་འཆད་པར་ནུས། ༡༥ གླེན་པའི་མི་རྣམས་གྲོང་ཁྱེར་ལའང་འགྲོ་མི་ཤེས་པས། རེ་རང་གི་ལས་ཀྱིས་དུབ་པར་བྱེད།
༡༦ ཀྱེ་ཡུལ་ཁམས། ཁྱོད་ཀྱི་རྒྱལ་པོར་བྱིས་པ་འཐོན་དུས་ཁྱོད་ཀྱི་དཔོན་པོ་ཚོས་སྔ་དྲོར་ཁ་ཟས་ཟ་ན། ཁྱོད་ལ་བཀྲ་མི་ཤིས། ༡༧ ཀྱེ་ཡུལ་ཁམས། ཁྱོད་ཀྱི་རྒྱལ་པོར་ཡ་རབས་ཀྱི་བུ་འབྱུང་དུས་དང་། ཁྱོད་ཀྱི་དཔོན་པོ་ཚོས་ར་བཟི་རུ་མ་བསམ་པར། རང་ལ་སྟོབས་སྐྱེད་དུ་དུས་ཀྱི་ཁར་ཟ་ན། ཁྱོད་བཀྲ་ཤིས་སོ༎
༡༨ སྙོམས་ལས་མང་བས་མ་གདུང་རྣམས་ནེར། ལག་དལ་བས་ཁྱིམ་ལ་ཐིགས་པ་འཐིག
༡༩ དགོད་པའི་ཕྱིར་མགྲོན་ཤོམ་བྱེད། རྒུན་ཆང་གིས་སྐྱིད་པར་བྱེད། འོན་ཀྱང་དངུལ་གྱིས་ཐམས་ཅད་སྒྲུབ་པར་བྱེད།
༢༠ རང་གི་བསམ་པའི་ནང་ནའང་རྒྱལ་པོ་ལ་སྨོན་ལོག་མ་ཐོབ་ཅིག རང་གི་གཟིམ་ཆུང་གི་ནང་དུའང་ཕྱུག་པོ་ལ་དམོད་མ་བོར་ཞིག དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་བྱ་ཞིག་གིས་སྒྲ་སྐད་འཁྱེར་ཞིང་། ཤོག་ལྡན་གྱིས་གཏམ་དེ་འཆད་པར་འགྱུར་རོ༎