༢༤
མི་ངན་པ་ལ་ཕྲག་དོག་ཡང་མ་བྱེད། དེ་དག་དང་འགྲོགས་པའི་འདོད་པ་ཡང་མ་སྐྱེད་ཅིག ༢ དེ་ཅིའི་ཕྱིར་ཞེ་ན། དེ་འདྲའི་སྙིང་གིས་འཇོམས་པའི་བྱ་བ་སྦྱོང་ཞིང་། ལྕེས་བསྟན་གཤིག་གི་གཏམ་གླེང་།༣ རིག་པས་ཁྱིམ་རྩིག་ཅིང་། བློ་གྲོས་ཀྱིས་ཁྱིམ་འཚུགས་པར་བྱེད། ༤ ཤེས་རབ་ཀྱིས་ནང་རྣམས་རིན་ཅན་དང་། ནོར་རྫས་སྙིང་སྡུག་དང་འགེངས་པར་འགྱུར།
༥ མི་མཁས་པ་སྟོབས་དང་ལྡན་པའི་སྟེང་དུ། མི་ཤེས་རབ་ཅན་གྱིས་མཐུ་སྟོབས་རྒྱས་སུ་ཡང་འཇུག ༦ གང་ལ་ཞེ་ན། མཁས་པའི་ཇུས་དང་བསྟུན་ནས། གཡུལ་འགྱེད་པར་ནུས། གྲོས་མི་མང་སར་ཉེ་ཞོ་མེད།
༧ བླུན་པོ་ལ་ཤེས་རབ་ཆེར་འཕགས་པས། ཚུགས་སར་དེས་ཁ་མི་འབྱེད།
༨ ཇུས་ངན་རྩོམ་མཁན་ལ་བསྟན་བཤིག་གི་མི་ཞེས་ཟེར་རོ༎
༩ བླུན་པོའི་ཇུས་ཀྱང་སྡིག་པ་སྟེ། ཐོ་འཚམ་པའི་མི་རྣམས་ཀྱིས་སྐྱུག་བྲོ་བོར་འཛིན།
༡༠ སྡུག་བསྔལ་གྱི་ཞག་ལ་ཡི་ཆད་ན། ཁྱོད་ཀྱི་འཁྱུད་ཆུང་བ་ལགས།
༡༡ གསོད་དུ་འདྲུད་འཁྱེར་བ་རྣམས་སྒྲོལ་བར་བྱོས། འཆི་ཁར་ཡོད་པ་རྣམས་ལས་རང་གི་ལག་པ་མ་ཐེན་ཞིག ༡༢ ཇི་སྟེ་ཁྱོད་ཀྱིས། ལྟོས་ཤིག ངེད་ཀྱིས་དེ་མ་ཤེས་སྨྲ་ན། སྙིང་དཔག་པར་མཛད་པས་དེ་མི་གཟིགས་སམ། ཁྱོད་ཀྱི་སེམས་སྲུང་མཁན་གྱིས་དེ་མི་མཁྱེན་ནམ། ཡང་ཁོང་གིས་རེ་རང་གི་ལས་བཞིན་དུ་རྔན་པ་གནང་བར་མི་འགྱུར་རམ།
༡༣ ངའི་བུ། སྦྲང་རྩི་བཟང་བ་དང་། ཁྱོད་ཀྱི་ཁ་ལ་རོ་མངར་བའི་སྦྲང་མཁར་དེ་ཟོས་ཤིག ༡༤ དེ་ལྟར་ཡེ་ཤེས་ཀྱི་བློ་གྲོས་ཁྱོད་ཀྱི་ཡིད་ལ་ཞིམ། དེ་ཐོབ་དུས་སུ་ཁྱོད་ཀྱི་མཇུག་བརྟན་ཅིང་། ཁྱོད་ཀྱི་རེ་ལྟོས་ཀྱང་ཟད་པར་མི་འགྱུར།
༡༥ ཀྱེ་སྡིག་སྤྱོད། ཆོས་དྲང་པོའི་ཁྱིམ་ལ་མ་འཇབས་ཤིག དེའི་ལྷས་ཀྱང་མ་ཕྲོགས་ཤིག ༡༦ དེ་ཅིའི་ཕྱིར་ཞེ་ན། མི་བློ་དྲང་བ་ལན་བདུན་འགྱེལ་ཡང་སླར་འགྲེང་། འོན་ཀྱང་སྡིག་སྤྱོད་ནི་སྡུག་བསྔལ་གྱི་ནང་དུ་ལྟུང་།
༡༧ རང་གི་ཕ་རོལ་པ་འགྱེལ་དུས་སུ། མ་དགའ་ཞིག དེ་འབུབ་དུས་སུ་སྙིང་སྤྲོ་བར་མ་བྱེད་ཅིག ༡༨ དེ་ལྟར་བྱེད་ཚེ། ཡ་ཧོ་ཝཱས་དེ་གཟིགས་ཤིང་ཁྱོད་ལ་ཐུགས་མི་དགྱེས་པར་གྱུར་ཏེ། ཁོང་གིས་ཐུགས་ཁྲོ་དེ་ལས་བསྣམས་ལས་ཆེ།
༡༩ མི་ངན་གྱི་ཕྱིར་དུ་རང་གི་སེམས་མ་འབར། སྡིག་སྤྱོད་ལ་ཡང་ཕྲག་དོག་མ་སྐྱེད་ཅིག ༢༠ གང་ལ་ཞེ་ན། མི་ངན་པ་ལ་ཕྱི་མ་ཡང་མི་ཐོབ། སྡིག་སྤྱོད་ཀྱི་སྒྲོན་མེ་ཡང་གསད་དོ༎
༢༡ ངའི་བུ། ཡ་ཧོ་ཝཱ་དང་རྒྱལ་པོ་ལ་བག་གྱིས་ཤིག སྒྱུར་འདོད་པ་རྣམས་དང་མ་འགྲོགས་ཤིག ༢༢ དེ་ཅིའི་ཕྱིར་ཞེ་ན། དེ་མིན་འདི་གཉིས་ལ་བློ་བུར་དུ་ཉོན་མོངས་པ་འབྱུང་བར་འགྱུར་ཏེ། འཕུང་བའི་ཆ་སུ་ལ་ཡོད།
༢༣ ཚིག་འདི་དག་ཀྱང་མཁས་པ་དེའི་གསུང་ཡིན།
གཤགས་ནང་མིའི་ངོར་ལྟ་བ་མི་ལེགས། ༢༤ སྡིག་སྤྱོད་ལ། ཁྱོད་ཆོས་དྲང་པོ་ཡིན། སྨྲ་མཁན་ལ། མིས་སྨོན་ལོག་འདེབས་ཤིང་། མི་སྡེ་རྣམས་དེ་ལ་ཁམས་ལོག་པར་འགྱུར། ༢༥ འོན་ཀྱང་དེ་འཇུན་པ་རྣམས་དགའ་ཞིང་། བྱིན་རླབས་བཟང་པོ་དང་ལྡན་པར་འགྱུར།
༢༦ རིགས་པའི་ལན་འདེབས་པའི་མཆུས། ཁ་སྐྱེལ་བར་བྱེད།
༢༧ སྔ་སོར་ཕྱི་ཡི་ལས་གྲལ་དང་། དེ་ནས་རང་གི་ཞིང་ལས་བྱོས། དེའི་འོག་རང་གི་མཁར་ལས་ཐོང་།
༢༨ དོན་མེད་དུ་རང་གི་ཁྱིམ་མཚེས་ལ་གནོད་པའི་དཔང་པོར་མ་གྱུར་ཅིག ཁ་ལྤགས་ཀྱིས་མིའི་མགོ་མ་སླུ།
༢༩ དེས་ང་ལ་བྱས་པ་ལྟར་དུ། ངས་ཀྱང་ཁོ་ལ་བྱེད་ཅིང་། མི་དེའི་ལས་ལ་འཁོ་བའི་ལན་འཇལ་བར་བྱའོ། ཞེས་མ་ཟེར་ཞིག
༣༠ བདག་སྙོམས་ལས་ཅན་གྱི་ཞིང་ཁ་དང་། བློ་གྲོས་དང་བྲལ་བའི་མིའི་རྒུན་ཚལ་གྱི་མདུན་ལས་འདོང་བ་ལས། ༣༡ དེ་ཐམས་ཅད་ཚེར་མས་གང་སྟེ། ལྗང་ཚེར་གྱིས་ཁེངས་ནས། དེའི་རྡོ་རྩིག་གི་ལྕགས་རི་བཞིག་སྟེ་ཡོད་པ་ཡིན། ༣༢ དེ་ནས་ངས་དེ་མཐོང་ཞིང་། ལེགས་པར་བལྟས་ནས། བསླབ་བྱ་འདི་ཐོབ། ༣༣ ད་དུང་ཅུང་ཟད་གཉིད་ལོག་ཅིག ཅུང་གཉིད་གཡུར་ཞིག གཉིད་ལོག་ཏུ་ལག་པ་ལྟོབས་ཤིག་དང་། ༣༤ རྐུན་པོ་འོང་ལུགས་སུ་ཁྱོད་དབུལ་བར་འགྱུར་བ་དེ་འོང་ཞིང་། མཚོན་ཐོགས་པའི་མི་ལྟ་བུར་ཁྱོད་ཀྱི་འགྱག་དེ་སླེབ་པར་འགྱུར་རོ༎