༢༥
འདི་དག་ཀྱང་ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱའི་མི་རྣམས་ཀྱིས་བཤུས་པའི་ཤ་ལོ་མོའི་ལེགས་བཤད་སྟེ།༢ གསང་བར་འཇོག་པ་དཀོན་མཆོག་གི་དཔལ། རྩད་གཅོད་བྱེད་པ་རྒྱལ་པོའི་དཔལ།
༣ མཐོ་བའི་གནམ་དང་། གཏིང་ཟབ་པའི་ས་གཞི་གཉིས་དང་འདྲ་བར་རྒྱལ་པོའི་སྙིང་ཡང་རྟོགས་པར་མི་ནུས།
༤ དངུལ་གྱི་ལྷད་ཕྱུང་ཞིག་དང་། གསེར་མགར་གྱིས་སྣོད་ལེགས་པ་བཟོ་བར་འགྱུར། ༥ རྒྱལ་པོའི་མདུན་ལས་སྡིག་སྤྱོད་སྐྲོད་ཅིག་དང་། དྲང་བ་ཉིད་ཀྱི་ནང་ན་རྒྱལ་ཁྲི་བརྟན་པར་འགྱུར།
༦ རྒྱལ་པོའི་དྲུང་དུ་རང་གི་ཆེ་བ་མ་རྗོད་ཅིག མི་ཆེན་གྱི་མལ་དུ་སྒྲེང་ནས་ཀྱང་མ་སྡོད་ཅིག ༧ གང་ལ་ཞེ་ན། རང་མིག་གིས་མཐོང་བའི་སྐུ་དྲག་དེའི་མདུན་དུ་ཁྱོད་གྲལ་མཇུག་ཏུ་འབེབས་པ་ལས་ནི། གྲལ་མགོར་ཕེབས་ཤིག་ཟེར་བ་ལེགས།
༨ རྟབ་རྟོབ་ཏུ་འཐབ་པའི་ཕྱིར་མ་འགྲོ། མཐར་ཁྱིམ་མཚེས་པས་ཁྱེད་ཀྱི་ཁ་སྐྱེངས་སུ་འཇུག་ན་ཅི་བྱ། ༩ ཁྱིམ་མཚེས་དེ་རང་དང་མཉམ་དུ་རང་གི་རྒྱུ་རྐྱེན་ཕྱིར་རྩོད་པར་བྱོས། གསང་གཏམ་གཞན་ལ་འཆད་པར་མ་བྱེད། ༡༠ བཤད་ན། སུས་ཐོས་ན། ཁྱོད་འཁྲེལ་དུ་འཇུག་ཅིང་། ཁྱོད་ཀྱི་མིང་ངན་འབུད་པར་མི་འགྱུར།
༡༡ གཏམ་བཤད་སང་དང་། དངུལ་གྱི་དྲ་བ་དྲ་ཕྱེད་ཀྱི་ནང་ན་ཡོད་པའི་གསེར་གྱི་ཀུ་ཤུ་དང་འདྲ།
༡༢ གསེར་གྱི་རྣ་ཆ་དང་། གསེར་བཙོ་མའི་རྒྱན་ཆ་ལྟར། བཀར་ཉན་པའི་རྣ་བར་མཁས་པའི་ཞལ་ཏའོ༎
༡༣ བཙས་མའི་དུས་སུ་ཁ་ངད་འབྱུང་བ་དང་འདྲ་བར་མངགས་མཁན་དག་ལ་བློ་དྲང་བའི་བང་ཆེན་ནོ། དེ་ཅིའི་ཕྱིར་ཞེ་ན། དེས་རང་གི་དཔོན་པོའི་ཁམས་གསོ་བར་བྱེད།
༡༤ རྫུན་གྱི་རྔན་པར་རང་མཐོང་སྐྱེད་པ་དེ། ཆར་ཆུ་མེད་པའི་སྤྲིན་རླུང་དང་མཚུངས།
༡༥ བློ་སྣ་རིང་བའི་མིས་ཇོ་བོའི་བློ་སྣ་སྒྱུར། ལྕེ་འཇམ་གྱིས་རུས་པའང་འཐག་གོ།
༡༦ ཁྱོད་ལ་སྦྲང་རྩི་ཐོབ་བྱུང་ངམ། མང་དུ་ཟོས་ནས་མི་སྐྱུག་པའི་ཕྱིར། འཇུ་ཚད་ཅིག་ཟོས་ཤིག
༡༧ ཁྱིམ་མཚེས་པའི་ཁྱིམ་དུ་འགྲོ་བ་ལས་རང་གི་རྐང་པ་ལ་ཉ་ར་བྱོས། དེ་མིན་ཁོ་ཁྱོད་ལ་སུན་ཞིང་སྡང་བར་ཡང་འགྱུར།
༡༨ རང་གི་ཁྱིམ་མཚེས་པ་ལ་རྫུན་གྱི་དཔང་པོ་བྱེད་པའི་མི་དེ་ནི། དགྲ་སྟ་དང་། རལ་གྲི་དང་མདའ་རྣོ་བ་ཞིག་གོ།
༡༩ བློ་གཏད་མེད་པའི་མི་ལ་སྡུག་བསྔལ་གྱི་དུས་སུ་བློ་གཏད་པ་དང་། སོ་ཆག་དང་། ཚིགས་ལས་འབུད་པའི་རྐང་པ་དང་མཚུངས།
༢༠ སྙིང་བརྡུགས་པ་ལ་གླུ་བླང་བ་དང་། དགུན་དུས་སུ་གོས་འབུད་པའམ། ཤོ་རའི་ཐོག་གི་སྐྱུར་རྩི་དང་མཚུངས།
༢༡ ཁྱོད་ཀྱི་དགྲ་བོ་ལྟོགས་ན། ཟ་རུ་བག་ལེབ་དང་། སྐོམ་ན་བཏུང་དུ་ཆུ་སྟེར་ཞིག ༢༢ དེ་ལྟར་ཁྱོད་ཀྱིས་དེའི་མགོ་ལ་སོལ་མེ་སྤུང་བར་བྱ་སྟེ། ཡ་ཧོ་ཝཱས་ཁྱོད་ལ་བྱ་དགའ་ཡང་གནང་བར་འགྱུར།
༢༣ བྱང་རླུང་གིས་ཆར་པ་འདྲེན་པ་ལྟར། རྒྱབ་ན་ཁ་གཏོང་བའི་ལྕེས་ངོ་གནག་མཆིལ་བ་འགུག་པར་བྱེད།
༢༤ ཁྱིམ་རྒྱ་ཆེ་བའི་ནང་དུ་བུད་མེད་འཛིང་རུ་ཅན་དང་མཉམ་དུ་སྡོད་པ་བས། ཁང་པའི་ཐོག་གི་གྲུ་ཞིག་ཏུ་སྡོད་པ་ལེགས།
༢༥ སྐོམ་པའི་སྲོག་ལ་ཆུ་གྲང་ལྟར། ཡུལ་ཐག་རིང་ནས་སླེབས་པའི་སྐད་ཆ་བཟང་པོ་ཡིན།
༢༦ སྡིག་སྤྱོད་ཀྱི་མདུན་དུ་ཆོས་དྲང་པོ་ལ་གཡོ་འབུབ་འབྱུང་བ་དང་། འཁྲུགས་པའི་ཆུ་མིག་གམ། བརླགས་པའི་ཆུའི་འབྱུང་གནས་དང་མཚུངས་སོ༎
༢༧ མང་དུ་ཟ་ན་སྦྲང་རྩིའང་མི་ཞིམ་པ་ལྟར། རང་སྟོད་འཚོལ་བའང་རང་སྟོད་མིན།
༢༨ སེམས་གཏད་མེད་པའི་མི་དང་། ལྕགས་རི་མེད་པའི་གྲོང་ཁྱེར་གོག་པོ་མཚུངས༎