དཱ་བིད་ཕུག་པའི་ནང་ཡོད་དུས་ཀྱི་སྨོན་ལམ་གྱི་མཱས་ཀིལ་ནི།
༡༤༢
ངས་སྐད་ཆེན་པོས་ཡཱ་ཝཱེར་འོ་དོད་འབོད། ངའི་སྐད་ཀྱིས་ཡཱ་ཝཱེ་ལ་གསོལ་བ་འདེབས།༢ ཁོང་དྲུང་རང་གི་སེམས་སྡུག་བླུག་པར་བྱ། ཁོང་དྲུང་རང་གི་སྡུག་བསྔལ་འཆད་པར་བྱ།
༣ ཁོག་ནང་རང་སེམས་དྲན་མེད་གྱུར་དུས་སུ། ཁྱེད་ལ་ངའི་ལམ་དེའི་རྒྱུས་ཡོད་དེ་ཚོས། ངའི་འགྲུལ་ལམ་ནང་ངའི་ཕྱིར་རྙི་སྦས་བཞག
༤ ངའི་གཡས་སུ་གཟིགས་སུས་ཀྱང་ང་མི་ཤེས། འབྲོས་ས་མེད་སུས་ཀྱང་ང་ལ་མི་བལྟ།
༥ ཁྱེད་ཡཱ་ཝཱེར་འོ་དོད་བོས་ཏེ་ཁྱེད་ངའི། སྐྱབས་གནས་དང་གསོན་ཡུལ་ཟ་ཐང་ཡིན་ཞུས།
༦ ང་ཆེར་འབུབས་པས་ངའི་ངུ་འབོད་ལ་གསོན། འཚེ་མཁན་རྣམས་ང་ལས་རེམ་པས་སྐྱོབ་མཛོད།
༧ ཁྱེད་མཚན་ལ་ནི་གཏང་རག་འབུལ་ཐུབ་ཕྱིར། ངའི་སེམས་བཙོན་ལས་སྒྲོལ་ཁྱེད་ཀྱིས་བཀའ་དྲིན། བྱ་བས་ཆོས་དྲང་རྣམས་ཀྱིས་ང་སྐོར་འོང་༎