དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༤༡
ཁྱེད་ཀྱེ་ཡཱ་ཝཱེ་ངས་བོས་པས་ངའི་རྩར། འཕྲལ་དུ་ཕེབས་མཛོད་ཁྱེད་ལ་འབོད་པའི་དུས། བདག་གི་སྐད་ལ་སྙན་གཏད་པར་མཛོད་ཅིག
 ངའི་སྨོན་ལམ་ཁྱེད་དྲུང་བདུག་སྤོས་ལྟར་དང་། ངས་ལག་འདེགས་པ་དགོངས་མཆོད་ལྟར་གྱུར་ཤོག
 ཀྱེ་ཡཱ་ཝཱེ་ངའི་ཁ་དེ་སྲུང་མཁན་འཇོག ངའི་ཁ་ལྤགས་སྒོ་དེ་སྲུང་བར་མཛོད་ཅིག
 སྡིག་སྤྱོད་རྣམས་དང་འདྲེས་ཏེ་ལས་ངན་པར། དོན་གཉེར་བྱེད་པའི་ཕྱིར་དུ་ངན་ཅི་ལའང་། ངའི་སྙིང་འཕྲེང་བར་མ་ཆུག་དེ་དག་གི། ཟས་ཞིམ་ང་ལ་ཟ་རུ་གནང་མ་མཛད།
 དྲང་པོས་ང་ལ་རྡུང་བ་ཐུགས་རྗེ་ཡིན། མགོར་སྣུམ་འབྱུག་འདྲ་དེས་འཇུན་པ་འགྱུར་ཞིང་། ངའི་མགོས་དེ་ལ་མི་བརྙས་པར་ཤོག་ཅིག མི་དེ་རྣམས་ཀྱིས་ངན་ལོག་བྱེད་རིང་དུ། ང་ནི་སྨོན་ལམ་འདེབས་ཀྱིན་སྡོད་པར་བྱ།
 དེ་ཚོའི་ཁྲིམས་དཔོན་རྣམས་བྲག་ཟུར་ནས་བསྐྱུར། ངའི་གཏམ་སྙན་པས་དེ་ཚོས་ཉན་པར་འགྱུར།
 མི་སུས་ཞིང་ལྷོག་ཅིང་རྨོ་བའི་དུས་ལྟར། ངེད་ཀྱི་རུས་པ་དུར་ཁུང་ཁའི་ནང་བཀྲམས།
 དེ་ཕྱིར་ཀྱེ་གཙོ་བོ་ཡཱ་ཝཱེ་ངའི་མིག ཁྱེད་ལ་བལྟ་ཞིང་ཁྱེད་ལ་བློ་གཏོད་པས། ངའི་སེམས་བྱ་ཐབས་སྡུག་པོར་སྤང་མ་མཛད།
 དེ་ཚོས་ངའི་ཕྱིར་བཙུགས་པའི་རྙི་དང་ནི། ཉེས་སྤྱོད་རྣམས་ཀྱི་ཞགས་པ་ལས་ང་སྐྱོབ།
༡༠ སྡིག་སྤྱོད་རང་གི་རྙི་ནང་འཚུད་འགྱུར་ཤོག ང་ནི་བདེ་བར་ཐར་བར་འགྱུར་པར་ཤོག།