དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༣༩
ཡཱ་ཝཱེ་ཁྱེད་ཀྱིས་ང་རྟགས་ང་མཁྱེན་ནོ༎ ༢ ང་ནི་ལང་དང་སྡོད་པ་ཁྱེད་ཀྱིས་མཁྱེན། ང་ཡི་བསམ་པ་ཁྱེད་ཀྱིས་རྒྱང་ནས་མཁྱེན།༣ ང་ཡི་ལམ་དང་ཉལ་བ་ཁྱེད་སར་གཅོད། ངའི་ལམ་ཚང་མ་ཁྱེད་ཀྱིས་མཁྱེན་པ་ལགས།
༤ གཟིགས་ཁྱེད་ཡཱ་ཝཱེས་ཡོངས་སུ་མི་མཁྱེན་པའི། ཚིག་ནི་གཅིག་ཀྱང་བདག་གི་ལྕེ་ཐོག་མེད།
༥ ཁྱེད་ཀྱིས་ང་ཡི་རྒྱབ་མདུན་གཉིས་པོ་བསྐོར། ཁྱེད་ཀྱི་ཕྱག་ནི་བདག་གི་སྟེང་དུ་ཡོད།
༦ འདི་འདྲའི་རིག་པ་ངའི་ཕྱིར་ཁྱད་མཚར་ཆེ། འདི་ནི་མཐོ་བས་ང་དེར་སྙོབ་མི་ཐུབ།
༧ ཁྱེད་ཀྱི་ཐུགས་ཉིད་ལས་ང་གང་དུ་འགྲོ། ཡང་ན་ཁྱེད་དྲུང་ནས་ང་གར་འབྲོས་བྱ།
༨ ང་ནམ་མཁར་འཛེགས་ན་ཁྱེད་དེར་ཡང་བཞུགས། གལ་ཏེ་གཤིན་ཡུལ་ནང་མལ་ཆས་སྒྲིག་ན། གཟིགས་ཤིག་ཁྱེད་དེ་རུ་ཡང་བཞུགས་པ་ལགས།
༩ ཐོ་རངས་ཀྱི་འདབ་ཤོག་བདག་གིས་བཏགས་ཏེ། རྒྱ་མཚོའི་ཡང་མཐའ་རྣམས་སུ་སྡོད་ན་ཡང་།
༡༠ དེར་ཡང་ཁྱེད་ཕྱག་གིས་ངའི་ལམ་སྣ་བྱ། ཁྱེད་ཕྱག་གཡས་པས་ང་ལ་ཉ་ར་བྱ།
༡༡ མུན་པས་ང་ཤ་སྟག་སྦ་ཡོང་ཟེར་ཞིང་། ངའི་ཕྱོགས་བཞིའི་འོད་མཚན་མོར་འགྱུར་ན་ཡང་།
༡༢ མུན་པས་ཀྱང་ཁྱེད་ལས་སྦ་བར་མི་བྱེད། འོན་ཀྱང་མཚན་མོ་ཉིན་མོ་ལྟར་འོད་འཕྲོ། ཁྱེད་དྲུང་འོད་དང་མུན་པ་ཁྱད་མེད་ཡིན།
༡༣ དེའི་རྒྱུ་ཁྱེད་ཀྱིས་ངའི་མཁལ་མ་མཛད་དེ། མའི་མངལ་ནང་ཁྱེད་ཀྱིས་ང་ལ་གཟུགས་གནང་།
༡༤ ངོ་མཚར་ལུགས་ང་མཛད་པས་གཏང་རག་བྱ། ཁྱོད་ཀྱི་མཛད་པ་རྣམས་ནི་ངོ་མཚར་ཆེ། བདག་གི་སེམས་ཀྱིས་དེ་རྣམས་ལེགས་པར་ཤེས།
༡༥ ཕག་ཏུ་ང་བཀོད་དེ་སའི་གཏིང་སྒྲིག་དུས། ངའི་རུས་གཟུགས་ཁྱེད་ལ་སྦས་པ་མ་ཡིན།
༡༦ སྤྱན་གྱིས་ངའི་ཐ་ཤལ་བེམ་པོ་གཟིགས་ཡོད། བདག་གི་ཚེ་ཚད་མཛད་པའི་ཞག་རྣམས་ལས། གང་ཡང་འབྱུང་བར་མ་གྱུར་པའི་དུས་སུ། དེ་ཀུན་ཁྱེད་ཀྱི་ཕྱག་དཔེའི་ནང་བྲིས་ཡོད།
༡༧ ཀྱེ་དཀོན་མཆོག་ཁྱེད་ཀྱི་ཐུགས་དགོངས་རྣམས་ཀྱང་། བདག་གི་ཕྱིར་དུ་ཇི་ལྟར་རིན་ཐང་ཆེ། དེ་རྣམས་ཀྱི་སྡོམ་ཇི་ལྟར་ཆེན་པོ་ལགས།
༡༨ དེ་རྣམས་གྲངས་རྩི་ན་བྱེ་མ་བས་མང་། གཉིད་སད་དུས་སུའང་ང་ནི་ཁྱེད་མཉམ་འདུག
༡༩ སྡིག་སྤྱོད་གསོད་ན་ལོས་པ་ཀྱེ་དཀོན་མཆོག ཀྱེ་སྲོག་གཅོད་བརྔམས་མཁན་ང་ལས་ཕར་སོང་།
༢༠ དེ་ཚོས་ཁྱེད་ལ་རྒོལ་བའི་ཚིག་ངན་ལབ། ཁྱེད་ཀྱི་དགྲ་ཚོས་ཁྱེད་མཚན་དོན་མེད་རྗོད།
༢༡ ཁྱེད་ལ་སྡང་མཁན་རྣམས་ལ་བདག་གིས་ཀྱང་། སྡང་བར་མི་བྱའམ་ཁྱེད་དགྲར་ལྡང་བའི་ཕྱིར། ང་ཡང་ཚིག་པ་ཟོས་ནས་མི་འདུག་གམ།
༢༢ དེ་ཚོར་འཁོན་ཆེན་བྱེད་ཅིང་དགྲ་རུ་རྩི།
༢༣ དཀོན་མཆོག་ངའི་ཚོད་གཟིགས་ངའི་སྙིང་རྟོགས་མཛོད། ང་སད་དེ་ངའི་བསམ་པ་རྣམས་རྟོགས་མཛོད།
༢༤ ངའི་ནང་ལམ་ངན་ཅི་ཞིག་འདུག་གམ་གཟིགས། གཏན་གྱི་ལམ་ནང་ང་འཁྲིད་པར་མཛོད་ཅིག།