དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༣༨
ངའི་སྙིང་ཧྲིལ་པོས་ཁྱེད་ལ་བསྟོད་པར་བྱ། ལྷ་རྣམས་དྲུང་ངས་ཁྱེད་ལ་བསྟོད་དབྱངས་བྱ།
 ཁྱེད་མཚན་ཐམས་ཅད་པས་ནི་ཁྱེད་ཉིད་ཀྱི། བཀའ་ནི་ལྷག་པར་ཆེ་བར་མཛད་པའི་ཕྱིར། ཁྱེད་ཀྱི་དམ་པའི་མཆོད་ཁང་ཕྱོགས་སུ་ངས། ཕྱག་འཚལ་བྱ་ཞིང་ཁྱེད་ཀྱི་བྱམས་གཟིགས་དང་། བདེན་པ་ཉིད་ཕྱིར་གཏང་རག་འབུལ་བར་བྱ།
 ངས་ནི་བོས་ཞག་ཁྱེད་ཀྱིས་བཀའ་ལན་གནང་། སེམས་སྟོབས་སྩལ་ཏེ་སྤོབས་པ་ང་ལ་གནང་།
 ཁྱེད་ཀྱི་ཞལ་གྱི་བཀའ་རྣམས་ཀྱེ་ཡཱ་ཝཱེ། ས་གཞིའི་རྒྱལ་པོ་ཚང་མས་ཐོས་ཡོད་པས། དེ་ཚོས་ཁྱེད་ལ་གཏང་རག་འབུལ་བར་འགྱུར།
 དེས་ཀྱང་ཡཱ་ཝཱེའི་གཟི་བརྗིད་ཆེ་བའི་སྟབས། ཡཱ་ཝཱེའི་མཛད་པ་རྣམས་ཀྱི་གླུ་འཐེན་འོང་།
 ཡཱ་ཝཱེ་བླ་ན་མེད་པ་ལགས་ན་ཡང་། སེམས་ནི་དམའ་མོར་ཁོང་གིས་གཟིགས་པར་མཛད། འོན་ཀྱང་ང་རྒྱལ་ཅན་དེ་རྒྱང་ནས་མཁྱེན།
 ཉོན་མོངས་དཀྱིལ་ང་རྒྱུ་རུང་ཁྱེད་ཀྱིས་སྐྱོབ། ངའི་དགྲའི་ཁྲོའི་ཕྱིར་ཁྱེད་ཀྱི་ཕྱག་བརྐྱངས་ཏེ། ཁྱེད་ཀྱི་ཕྱག་ནི་གཡས་པས་ང་སྐྱོབ་འགྱུར།
 ཡཱ་ཝཱེས་ངའི་དོན་ཚང་མ་སྒྲུབ་པར་བྱ། ཁྱེད་ཀྱེ་ཡཱ་ཝཱེའི་ཐུགས་རྗེ་དུས་རྒྱུན་གནས། ཁྱེད་ཀྱི་ཕྱག་ལས་རྣམས་ནི་སྤང་མ་མཛད༎