༡༣༧
བཱ་བེལ་གཙང་པོ་རྣམས་ཀྱི་འགྲམ་དུ་ངེད། བསྡད་དེ་ཙི་ཨོན་དྲན་དུས་ངུས་པ་ཡིན།
 དེ་དག་ཁྲོད་དུ་ལྕང་མ་རྣམས་ཀྱི་ཁར། ངེད་ཀྱི་པི་ཝང་རྣམས་ནི་བཏགས་པ་ཡིན།
 དེའི་རྒྱུ་ངེད་ཅག་བཙོན་ལ་ཁྱེར་མཁན་ཚོས། གླུ་རྣམས་བླང་ཕྱིར་ངེད་ལ་སྨྲས་བྱུང་སྟེ། བཅོམ་མཁན་ཚོས་ནི་ངེད་ལ་སེམས་སྐྱིད་བྱོས། ངེད་ལ་ཙི་ཨོན་གླུ་ཞིག་ཐོང་སྨྲས་བྱུང་།
 གཞན་ཡུལ་ནང་ཡཱ་ཝཱེའི་གླུ་ཇི་ལྟར་བླང་།
 ངས་ཡེ་རུ་ཤ་ལེམ་ཁྱེད་རྗེད་ན། ངའི་ལག་གཡས་པས་ལག་རྩལ་རྗེད་པར་ཤོག
 ངའི་དགའ་བའི་གཙོ་ལས་ཡེ་རུ་ཤ་ལེམ། དྲག་པར་མི་རྩི་ཞིང་ཁྱེད་རྗེད་པ་ན། ངའི་རྐན་ལ་ངའི་ལྕེ་འབྱར་བར་ཤོག་ཅིག
 ཀྱེ་ཡཱ་ཝཱེ་ཡེ་རུ་ཤ་ལེམ་གྱི་ཞག ཨེ་དོམ་བུ་ཚོས་ངན་བྱས་དེ་དྲན་མཛོད། རློགས་ཤིག་རློགས་ཤིག་རྨང་ཐུག་སྙོམས་ཤིག་སྨྲས།
 ཀྱེ་ཚར་གཅད་རྒྱུའི་བཱ་བེལ་གྱི་བུ་མོ། ཁྱོད་ཀྱིས་ངེད་ལ་བྱས་པ་ལྟ་བུའི་ལན། ཁྱོད་ལ་སྟེར་མཁན་དེ་ནི་བཀྲ་ཤིས་འོང་།
 ཁྱོད་ཀྱི་ཕྲུ་གུ་རྣམས་ནི་འཛིན་བྱེད་ཅིང་། བྲག་ལ་རྡབ་མཁན་དེ་ནི་བཀྲ་ཤིས་འོང་༎