༡༣༦
ཡཱ་ཝཱེ་བཟང་ཞིང་ཁོང་གི་ཐུགས་རྗེ་ནི། དུས་རྒྱུན་གནས་པས་ཁོང་ལ་གཏང་རག་ཕུལ།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ལྷ་རྣམས་ཀྱི་དཀོན་མཆོག་ལ་གཏང་རག་ཕུལ།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། གཙོ་བོ་རྣམས་ཀྱི་གཙོ་བོར་གཏང་རག་ཕུལ།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ཁོང་ནི་གཅིག་པུས་ངོ་མཚར་ཆེ་རྣམས་མཛད།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། གང་གི་ཡེ་ཤེས་ཀྱིས་ནི་གནམ་རྣམས་མཛད།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། གང་གིས་ཆུ་རྣམས་སྟེང་དུ་ས་གཞི་བཏིང་།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། གང་གིས་འོད་ཆེན་རྣམས་ནི་མཛད་པ་ཡིན།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ཉིན་མོ་ལ་ནི་སྲིད་སྐྱོང་དུ་ཉི་མ།
 ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། མཚན་མོར་སྲིད་ནི་སྐྱོང་དུ་ཟླ་སྐར་མ།
༡༠ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། གང་གིས་མི་སེར་སྔོན་སྐྱེས་རྣམས་བསད་དེ།
༡༡ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། དེ་ཚོའི་ཁྲོད་ལས་ཨིས་ར་ཨེལ་བཏོན་མཛད།
༡༢ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། མཐུ་ལྡན་ཕྱག་དང་བརྐྱངས་པའི་ཕྲག་པས་བཏོན།
༡༣ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། གང་གིས་རྒྱ་མཚོ་དམར་པོ་ཁག་གཉིས་མཛད།
༡༤ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། དེ་ཡི་དཀྱིལ་ནས་ཨིས་རེལ་ཕ་རོལ་དྲངས།
༡༥ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། འོན་ཀྱང་ཕར་ཨོ་དང་ནི་ཁོའི་དམག་དཔུང་། རྒྱ་མཚོ་དམར་པོའི་ནང་དུ་བསྐྱུར་བར་མཛད།
༡༦ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ཉིད་ཀྱི་མི་སྡེ་འབྲོག་སྟོང་ལམ་ལས་དྲངས།
༡༧ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། གང་གིས་རྒྱལ་པོ་ཆེན་པོ་རྣམས་ལ་བརྡུངས།
༡༨ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། མིང་གྲགས་ཆེ་བའི་རྒྱལ་པོ་རྣམས་བསད་མཛད།
༡༩ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ཨ་མོར་པ་ཡི་རྒྱལ་པོ་སི་ཧོན་དང་།
༢༠ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། བཱ་ཤན་ཡུལ་གྱི་རྒྱལ་པོ་ཨོག་དེ་དང་།
༢༡ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། དེ་ཚོའི་ཡུལ་རྣམས་ས་སྐལ་ཕྱིར་དུ་གནང་།
༢༢ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། བྲན་ཨིས་ར་ཨེལ་གྱི་ནོར་སྐལ་དུ་གནང་།
༢༣ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ངེད་འབུབས་ཡོད་པ་ཁོང་གིས་དྲན་མཛད་དེ།
༢༤ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ངེད་ཀྱི་དགྲ་བོ་རྣམས་ལས་ངེད་སྐྱོབ་བྱུང་།
༢༥ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ལུས་ཅན་ཀུན་ལ་ཁོང་གིས་ཟ་རྒྱུ་གནང་།
༢༦ ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པའི་ཕྱིར། ནམ་མཁའི་དཀོན་མཆོག་དེ་ལ་གཏང་རག་ཕུལ༎