གནས་མཇལ་པའི་མགུར་མ་ཞིག་ནི།
༡༢༨
ཡ་ཧོ་ཝཱ་ལ་འཇིགས་མཁན་དང་ཁོང་གི། ལམ་ནང་འགྲུལ་མཁན་ཚང་མ་བཀྲ་ཤིས་སོ༎
 རང་གི་ལག་པས་འབད་པ་དེ་ཟ་ཞིང་། ཁྱོད་བཀྲ་ཤིས་ཤིང་སེམས་སྐྱིད་ཡོད་པར་འགྱུར།
 ཁྱོད་ཀྱི་ཁྱིམ་སྦུགས་རང་གི་ཆུང་མ་ནི། འབྲས་ལྡན་རྒུན་ཤིང་འདྲ་བ་ཡིན་པར་འགྱུར། ཁྱོད་ཀྱི་ལྕོག་ཙེའི་མཐའ་འཁོར་བུ་ཕྲུག་རྣམས། ཁ་སྐྱུར་ལྗོན་གསར་འདྲ་བ་ཡོད་པར་འགྱུར།
 ལྟོས་ཤིག་ཡ་ཧོ་ཝཱ་ལ་འཇིགས་མཁན་གྱི། མི་ལ་དེ་འདྲའི་བྱིན་རླབས་རྙེད་པར་འགྱུར།
 ཙི་ཨོན་ནང་ནས་ཡ་ཧོ་ཝཱས་ཁྱོད་ལ། བྱིན་རླབས་གནང་ཞིང་ཁྱོད་ཀྱིས་ཚེ་ཧྲིལ་པོ།
 ཡེ་རུ་ཤ་ལེམ་བདེ་བ་མཐོང་བར་འགྱུར། ཨིས་ར་ཨེལ་སྟེང་ཞི་བདེ་འབབ་པར་ཤོག།