གནས་མཇལ་པའི་མགུར་མ་ཞིག་ནི།
༡༢༩
ཨིས་ར་ཨེལ་གྱིས་ད་ནི་འདི་ལྟར་སྨྲོས། ང་གཞོན་དུས་ནས་ད་ཐུག་དེ་རྣམས་ཀྱིས། ང་ལ་ལན་མང་འཚེ་བར་བྱས་པ་ཡིན།༢ ང་གཞོན་དུས་ནས་ད་ཐུག་དེ་རྣམས་ཀྱིས། ང་ལ་ལན་མང་འཚེ་བར་བྱས་པ་ཡིན། འོན་ཀྱང་བདག་ཐོག་དེ་རྣམས་རྒྱལ་མ་བྱུང་།
༣ ཐོང་པས་བདག་གི་ཤུལ་རྒྱབ་ཞིང་རྨོས་ཏེ། རོལ་རིང་རིང་རྣམས་དེ་ཚོས་བཏོན་པར་བྱས།
༤ ཡ་ཧོ་ཝཱ་ཐུགས་དྲང་བས་སྡིག་སྤྱོད་ཀྱི། ཐག་པ་རྣམས་ནི་དུམ་བུར་བཏུབ་པར་མཛད།
༥ ཙི་ཨོན་ལ་ནི་སྡང་བ་ཁ་སྐྱེངས་ཤིང་། རྒྱབ་ནི་ལོག་ནས་འབྲོས་པར་འགྱུར་བར་ཤོག
༦ མ་རྡོལ་སྔོན་དུ་སྐམ་པའི་ཁང་ཐོག་གི། རྩྭ་དང་འདྲ་བ་དེ་རྣམས་འགྱུར་བར་ཤོག
༧ དེ་ལ་རྔ་མཁན་སྤར་བའང་མི་གང་ཞིང་། ཕོན་པོར་འཆིང་བའི་པང་ཡང་མི་གང་ངོ་༎
༨ ཁྱོད་ལ་ཡཱ་ཝཱེས་བྱིན་གྱིས་རློབས་པར་ཤོག ངེད་ཀྱིས་ཡཱ་ཝཱེའི་མཚན་ནང་ཁྱོད་ཕྱིར་སྨོན། ཞེས་ཀྱང་ཕར་ཚུར་འགྲུལ་མིས་མི་ཟེར་རོ༎