ཤ་ལོ་མོའི་གནས་མཇལ་པའི་མགུར་མ་ཞིག་ནི།
༡༢༧
ཁང་པ་ཡཱ་ཝཱེས་རྩིག་པར་མི་མཛད་ན། རྩིག་མཁན་རྣམས་ཀྱིས་དོན་མེད་ལས་བྱེད་དོ། གྲོང་ཁྱེར་ཡཱ་ཝཱེས་སྲུང་བར་མི་མཛད་ན། སྲུང་མཁན་མི་ཡིས་དོན་མེད་མེལ་ཚེ་བྱེད།༢ སྔ་བར་ལང་ཞིང་ཕྱིས་ནས་ངལ་གསོ་ཞིང་། དཀའ་ལས་ཟས་ནི་ཟ་བ་དོན་མེད་ཡིན། ཁོང་གིས་གཅེས་པ་རྣམས་ལ་གཉིད་ནང་གནང་།
༣ ལྟོས་ཤིག་ཡཱ་ཝཱེས་གནང་ནོར་སྐལ་བརྒྱུད་ཡིན་ཅིང་། ཁོང་གི་གསོལ་རས་མངལ་གྱི་འབྲས་བུ་ཡིན།
༤ གཞོན་དུས་སྐྱེས་པའི་ཕྲུ་གུ་རྣམས་དང་ནི། གྱད་པའི་ལག་ནས་ཡོད་པའི་མདའ་རྣམས་འདྲ།
༥ མདའ་དོང་གང་ཡོད་མི་དེ་བཀྲ་ཤིས་སོ། དེ་ཚོས་རྟ་སྒོར་དགྲ་བོ་རྣམས་ཀྱི་མདུན། སྨྲ་གླེང་བྱེད་དུས་ངོ་ནི་ཚ་མི་འགྱུར༎