དཱ་བིད་ཀྱི་གནས་མཇལ་པའི་མགུར་མ་ཞིག་ནི།
༡༢༢
ཤོག་ངེད་ཡཱ་ཝཱེའི་ཕོ་བྲང་ལ་འགྲོ་འོང་། ཞེས་ནི་ང་ལ་སྨྲས་དུས་ངའི་སེམས་དགའ།
 ཀྱེ་ཀྱེ་ཡེ་རུ་ཤ་ལེམ་ངེད་རྐང་པ། ཁྱེད་ཀྱི་གསང་སྒོ་རྣམས་ཀྱི་ནང་དུ་ཡོད།
 གཅིག་ཏུ་འབྲེལ་བའི་གྲོང་ཁྱེར་ཞིག་ལྟ་བུར། ཡེ་རུ་ཤ་ལེམ་ཀྱེ་ཁྱེད་བཞེངས་པ་ལགས།
 ཨིས་ར་ཨེལ་ལ་ཚུལ་ཁྲིམས་མཛད་པའི་ཕྱིར། སྡེའམ་ཡཱ་ཝཱེའི་སྡེ་ཡཱ་ཝཱེའི་མཚན་ལ། གཏང་རག་འབུལ་དུ་དེར་ཡར་འཛེགས་པར་བྱེད།
 དེ་རུ་ཞལ་ཆེ་གཅོད་ཕྱིར་ཁྲི་རྣམས་བཞག དཱ་བིད་ཕ་ཚན་གྱི་ནི་ཁྲི་རྣམས་བཞག
 ཡེ་རུ་ཤ་ལེམ་བདེ་བའི་སྨོན་ལམ་ཞུས། ཁྱེད་ལ་ཆགས་པའི་མི་རྣམས་བདེ་བར་འགྱུར།
 ཁྱེད་ཀྱི་ལྕགས་རིའི་ནང་ན་དུས་བདེ་དང་། ཕོ་བྲང་རྣམས་ཀྱི་ནང་ན་བདེ་ལེགས་ཤོག
 བདག་གི་སྤུན་དང་གྲོགས་པོ་རྣམས་ཀྱི་དོན། ད་ངས་ཁྱེད་ནང་དུས་བདེ་གནས་ཤོག་ཟེར།
 ངེད་ཀྱི་དཀོན་མཆོག་ཡཱ་ཝཱེའི་ཕོ་བྲང་དོན། ཁྱེད་ཀྱི་ཕན་དོན་བདག་གིས་འཚོལ་བར་བྱ༎