གནས་མཇལ་པའི་གསུང་མགུར་ཞིག་ནི།
༡༢༡
རི་བོ་རྣམས་ཕྱོགས་ངའི་མིག་འདེགས་པར་བྱེད། གང་ནས་བདག་གི་སྟོངས་གྲོགས་འབྱོན་པར་འགྱུར།
 གནམ་དང་ས་གཞི་མཛད་པའི་ཡ་ཧོ་ཝཱའི། ཕྱོགས་ནས་བདག་གི་སྟོངས་གྲོགས་འབྱོན་པར་བྱེད།
 ཁོང་གིས་ཁྱོད་ཀྱི་རྐང་པ་འཁྱོར་མི་གཞུག ཁྱོད་ནི་སྲུང་མཁན་ཁོང་མནལ་གཟིམ་མི་བྱ།
 ལྟོས་ཤིག་ཨིས་རེལ་སྲུང་བར་མཛད་མཁན་ཁོང་། མནལ་ཡང་མི་གཡུར་གཟིམ་པར་ཡང་མི་བྱ།
 ཡཱ་ཝཱེ་ཁྱོད་ཀྱི་སྲུང་མཁན་ཡིན་ཡཱ་ཝཱེ། ཁྱོད་ཀྱི་ལག་གཡས་ཀྱི་ནི་དཔུང་གྲོགས་ཡིན།
 ཉིན་མོར་ཉི་མས་ཁྱོད་ལ་སྣད་མི་བྱ། མཚན་མོར་ཟླ་བས་ཁྱོད་ལ་སྣད་མི་བྱ།
 ཡཱ་ཝཱེས་ངན་པ་ཀུན་ལས་ཁྱོད་སྲུང་ཞིང་། ཁྱོད་ཀྱི་སེམས་ཉིད་ཁོང་གིས་སྲུང་བར་འགྱུར།
 ད་ནས་ཕྱིན་ཆད་དུས་རྒྱུན་ཡ་ཧོ་ཝཱས། ཁྱོད་ནི་འཐོན་ནམ་འཇུག་དུས་སྲུང་བར་འགྱུར༎