གནས་མཇལ་པའི་གསུང་མགུར་ཞིག་ནི།
༡༢༠
སྡུག་བསྔལ་ནང་ནས་ཡཱ་ཝཱེར་བོས་པ་དང་། ཁོང་གིས་ང་ལ་བཀའ་ལན་གནང་བྱུང་ངོ་༎༢ ཀྱེ་ཡ་ཧོ་ཝཱ་རྫུན་གྱི་ཁ་ལྤགས་དང་། གཡོ་སྒྱུའི་ལྕེ་ལས་ང་ནི་སྐྱོབ་པར་མཛོད།
༣ གཡོ་སྒྱུའི་ལྕེ་ཀྱེ་ཁྱོད་ལ་ཅི་ཞིག་གཏང་། ཁྱེད་ལ་གཞན་ཡང་ལྷག་པར་ཅི་ཞིག་བྱ།
༤ སྟག་པའི་སོལ་མེ་རྣམས་དང་བཅས་གྱད་པའི། མདའ་མོ་རྣོ་རྣམས་ཁྱོད་ལ་གཏང་འོང་ངོ་༎
༥ ད་མེ་སེག་ནང་བསྡད་དེ་ཀེ་དར་གྱི། གུར་ཁྲོད་གནས་པས་ང་ལ་བཀྲ་མ་ཤིས།
༦ སྡུམ་ལ་དགྲ་བྱེད་མཉམ་བསྡད་ཡུན་རིང་སོང་།
༧ ང་ནི་བཟང་སྒྲིག་དགའ་ཞིང་གཏམ་བྱེད་ན། དེ་རྣམས་དམག་འཐབ་བྱེད་དུ་ལང་བར་བྱེད༎