གནས་མཇལ་པའི་མགུར་མ་ཞིག་ནི།
༡༢༣
ཁྱེད་ཀྱེ་ནམ་མཁའ་རྣམས་ནང་ཁྲིར་འཁོད་པའི། ཕྱོགས་སུ་བདག་གི་མིག་ནི་འདེགས་པར་བྱེད།༢ གཟིགས་ཤིག་བྲན་ཚོའི་མིག་ནི་དཔོན་པོའི་ཕྱག བྲན་མོའི་མིག་ནི་དཔོན་མོའི་ཕྱག་ལྟ་འདྲར། ངེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱའི་ཕྱོགས་སུ། ཁོང་ལས་ངེད་ལ་ཐུགས་རྗེ་ཐོབ་པའི་བར། ངེད་ཀྱི་མིག་གིས་ཁོང་ཕྱོགས་བལྟ་བར་བྱ།
༣ ངེད་རྣམས་སྨད་སྒྲས་རབ་ཏུ་འགྲང་བྱུང་བས། སྙིང་རྗེ་མཛོད་ཀྱེ་ཡཱ་ཝཱེ་སྙིང་རྗེ་མཛོད།
༤ སྐྱིད་པོར་ཡོད་པ་རྣམས་ཀྱིས་འཕྱ་བ་དང་། ང་རྒྱལ་ཅན་ཚོས་སྨད་པར་བྱེད་པ་ཡིས། ངེད་ཀྱི་སེམས་རྣམས་རབ་ཏུ་འགྲང་བྱུང་ངོ་༎