དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༡༠
ཡ་ཧོ་ཝཱ་ཡིས་ང་ཡི་གཙོ་བོ་ལ། ཁྱེད་ཀྱི་དགྲ་རྣམས་ཁྱེད་ཀྱི་ཞབས་སྟེགས་སུ། འཇུག་པའི་བར་དུ་ཁྱེད་ངའི་གཡས་བཞུགས་གསུངས།༢ ཡཱ་ཝཱེས་ཙི་ཨོན་ནས་ནི་ཁྱེད་སྟོབས་ཀྱི། དབྱུག་པ་རྫོང་བར་འགྱུར་བས་ཁྱེད་ཀྱིས་ནི། དགྲ་རྣམས་དཀྱིལ་དུ་རྒྱལ་སྲིད་སྐྱོང་བར་མཛད།
༣ ཁྱེད་ཀྱིས་དམག་འདེགས་དུས་སུ་ཁྱེད་ཉིད་ཀྱི། མི་སྡེ་འཐད་དེ་ཁྱེད་ལ་འབྲང་བར་བྱེད། ཁྱེད་ཀྱི་གཞོན་ཤར་ཐོ་རངས་མངལ་ནང་ནས། ཟིལ་པ་འཐོན་འདྲར་དམ་པའི་གཟབ་གོས་གནབས།
༤ མལ་ཀི་ཚེ་དེག་ལུགས་སུ་དུས་གཏན་གྱི། བླ་མ་ཁྱེད་ནི་ཡིན་ཞེས་ཡ་ཧོ་ཝཱས། འགྱོད་མེད་དབུ་མནའ་བཞེས་ཤིང་ཡ་ཧོ་ཝཱ།
༥ ཁྱེད་ཀྱི་གཡས་སུ་བཞུགས་ཤིང་ཐུགས་ཁྲོ་ཡི། ཉིན་མོར་རྒྱལ་པོ་རྣམས་ནི་འབིགས་པར་བྱ།
༦ མི་རིགས་རྣམས་ཁྲོད་ཞལ་ཆེ་གཅོད་པར་འགྱུར། མི་རོས་ལུང་པ་རྣམས་ནི་གང་འགྱུར་ཞིང་།
༧ ཡུལ་མང་ནང་དུ་ཁོང་གིས་མགོ་རྣམས་རྫི། ལམ་ལ་གྲོག་ཆུ་འཐུང་བས་མགོ་འདེགས་འགྱུར༎