༡༡༡
ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་། ཆོས་དྲང་འདུན་མ་དང་ནི་ཚོགས་ནང་ངས། སྙིང་ནི་ཚང་མས་ཡཱ་ཝཱེར་གཏང་རག་དབུལ།༢ ཡཱ་ཝཱེའི་ཕྲིན་ལས་ཆེ་ཆེ་རྣམས་ཀྱི་ནང་། དགའ་མཁན་ཀུན་གྱིས་དེ་རྣམས་དཔྱོད་པར་བྱེད།
༣ ཁོང་གི་མཛད་པ་དཔལ་དང་གཟི་བརྗིད་ལྡན། ཁོང་གི་དྲང་བ་ཉིད་ནི་གཏན་དུ་གནས།
༤ ཁོང་གི་རྨད་བྱུང་རྣམས་ཀྱི་ཕྱག་རྗེས་བཞག ཡཱ་ཝཱེ་བཀའ་དྲིན་ཅན་དང་སྙིང་རྗེ་ཆེ།
༥ ཁོང་ལ་འཇིགས་མཁན་རྣམས་ལ་ཟ་རྒྱུ་གནང་། ཞལ་ཆད་དུས་རྒྱུན་ཐུགས་སུ་དྲན་པར་འགྱུར།
༦ མི་རིགས་རྣམས་ཀྱི་ནོར་སྐལ་ཁོང་ཉིད་ཀྱི། མི་སྡེར་གནང་ནས་ཕྲིན་ལས་སྟོབས་བསྟན་བྱུང་།
༧ ཕྲིན་ལས་བདེན་པ་ཉིད་དང་གཤགས་དྲང་སྟེ། ཁོང་གི་སྤྱད་མཚམས་ཚང་མ་དྲང་པོ་ལགས།
༨ གཏན་ཕྱིར་དེ་རྣམས་བཙུགས་པས་དེ་རྣམས་ནི། བདེན་པ་ཉིད་དང་དྲང་བ་ཉིད་བཞིན་བཀོད།
༩ ཉིད་ཀྱི་མི་སྡེར་ཁོང་གིས་ཐར་ལམ་གནང་། ཁོང་གི་ཞལ་ཆད་གཏན་ཕྱིར་བཞག་པ་ཡིན། ཁོང་མཚན་དམ་པ་དང་ནི་འཇིགས་རུང་ལགས།
༡༠ ཡཱ་ཝཱེར་འཇིགས་པ་ཤེས་རབ་ཀྱི་ཐོག་མའོ། དེ་བཞིན་བྱེད་མཁན་ཚང་མ་མཁས་པ་ཡིན། ཁོང་ལ་བསྟོད་པ་དུས་རྒྱུན་གནས་པར་འགྱུར༎