དཱ་བིད་ཀྱི་མགུར་གླུའི་གསུང་མགུར་ཞིག་ནི།
༡༠༨
ངའི་སྙིང་བརྟན་པོར་ཡོད་དོ་ཀྱེ་དཀོན་མཆོག ངས་གླུ་ལེན་ཞིང་སྙིང་ནས་བསྟོད་དབྱངས་བྱ།༢ ཀྱེ་པི་ཝང་དང་ནི་སྒྲ་སྙན་གཉིད་སོད། ང་འང་སྔ་གསར་གཉིད་སད་མི་སྡེ་ཡི།
༣ ཁྲོད་དུ་ཡཱ་ཝཱེ་ཁྱེད་ལ་གཏང་རག་བྱ། མི་བརྒྱུད་རྣམས་ཁྲོད་ཁྱེད་ལ་བསྟོད་དབྱངས་བྱ།
༤ ཁྱེད་ཀྱི་བྱམས་བརྩེ་ནམ་མཁའ་ལྟར་ཆེ་ཞིང་། ཁྱེད་ཀྱི་བདེན་ཉིད་མཁའ་མཉམ་ཡིན་ཕྱིར་རོ༎
༥ གནམ་ལས་ཁྱེད་མཐོར་ཤོག་ཅིག་ཀྱེ་དཀོན་མཆོག ས་གཞི་ཀུན་ལས་ཁྱེད་ཀྱི་དཔལ་མཐོར་ཤོག
༦ ཁྱེད་ཀྱི་གཅེས་སྤྲས་དེ་ནི་ཐར་བའི་ཕྱིར། ཁྱེད་ཀྱི་ཕྱག་གཡས་ཀྱིས་སྐྱོབ་བཀའ་ལན་གནོང་།
༧ དམ་པ་ཉིད་ནང་དཀོན་མཆོག་གིས་གསུངས་པས། ང་དགའ་འགྱུར་ཞིང་སི་ཀེམ་བགོ་འགྱུར་ཏེ། སུ་ཀོད་ལུང་པ་ཐག་པས་འདེབས་པར་བྱ།
༨ གིལ་ཨད་ངའི་ཡིན་མ་ན་ཤེ་ངའི་ཡིན། ཨེབ་ར་ཨིམ་ནི་བདག་གི་མགོའི་རྨོག་ཡིན། ཡ་ཧུ་དཱ་ནི་བདག་གི་ཁྲིམས་དབྱུག་ཡིན།
༩ མོ་ཨབ་དེ་ནི་བདག་གི་འཁྲུད་གཞོང་ཡིན། ཨེ་དོམ་ཐོག་ཏུ་ངས་ལྷམ་རྒྱབ་པར་བྱ། ཕེ་ལེ་ཤེད་ཐོག་ང་ཡིས་ངར་སྐད་འདོན།
༡༠ གྲོང་ཁྱེར་བཙན་པོར་སུས་ང་སྐྱེལ་བར་འགྱུར། ཨེ་དོམ་བར་དུ་སུས་ང་ཁྲིད་པ་ཡིན།
༡༡ ཁྱེད་ཀྱིས་ངེད་མ་སྤངས་སམ་ཀྱེ་དཀོན་མཆོག ངེད་ཀྱི་དཔུང་མཉམ་དཀོན་མཆོག་ཁྱེད་མི་གཤེགས།
༡༢ མི་ཡི་ར་མདའ་ཕམ་མེད་ཡིན་པས་ན། དགྲ་བོའི་ངོར་ངེད་རྣམས་ལ་སྟོངས་གྲོགས་མཛོད།
༡༣ དཀོན་མཆོག་གིས་ནི་ངེད་དགྲ་རྫི་འོང་བས། ཁོང་ནང་ངེད་ཅག་དཔའ་རྩལ་ལྡན་པར་འགྱུར༎