བཀའ་དྲིན་དྲན་པའི་གསུང་མགུར་ཞིག་ནི།
༡༠༠
ཡཱ་ཝཱེར་དགའ་བའི་སྒྲ་སྒྲོག་ཁྱེད་ཡུལ་ཀུན། ༢ ཡཱ་ཝཱེར་སེམས་ནི་དགའ་ཞིང་ཞབས་ཏོག་ཞུས། མགུར་མ་ལེན་ཞིང་ཁོང་གི་ཞལ་ངོར་ཤོག༣ ཡཱ་ཝཱེ་དཀོན་མཆོག་ཡིན་པ་ངོ་རྟོགས་ཤིག ཁོང་གིས་ངེད་མཛད་ངེད་ནི་ཁོང་གི་ཡིན། ཁོང་གི་རྩྭ་ཁའི་ལུག་དང་མི་སྡེ་ཡིན།
༤ གཏང་རག་འབུལ་ཞིང་ཁོང་གི་སར་སྒོ་དང་། བསྟོད་ཅིང་ཁོང་གི་ཁྱམས་ར་རྣམས་ནང་ཞུགས། གཏང་རག་ཞུ་ཞིང་ཁོང་མཚན་བཀྲ་ཤིས་ཞུས།
༥ ཡཱ་ཝཱེ་བཟང་བས་ཐུགས་རྗེ་གཏན་དུ་གནས། ཁོང་གི་ཐུགས་དྲང་མི་རབས་ཀུན་ཏུ་གནས༎