༩༩
མི་སྡེ་འདར་བར་བྱོས་ཤིག་ཡཱ་ཝཱེས་མངའ་མཛད་དོ། ས་ཆེན་གཡོས་ཤིག་ཀེ་རུ་བིམ་སྟེང་ཁོང་བཞུགས་སོ༎
 ཙི་ཨོན་ནང་ན་ཡ་ཧོ་ཝཱ་ཉིད་ཆེན་པོ་ལགས། མི་སྡེ་ཡོད་དོ་ཅོག་ལས་ཁོང་ནི་རབ་ཏུ་མཐོ།
 དེ་ཚོས་ཁྱེད་ཀྱི་མཚན་ཆེན་འཇིགས་སུ་རུང་བ་ལ། བསྟོད་པ་བྱེད་པར་ཤོག་ཅིག་ཁོང་ནི་དམ་པ་ལགས།
 གཤགས་ནི་དྲང་པོར་རྒྱལ་པོའི་སྟོབས་ཀྱིས་གཅེས་པར་འཛིན། ཁྱེད་ཀྱིས་དྲང་བ་ཉིད་ནི་བརྟན་པོར་གནས་སུ་འཇུག ཁྱོད་ཀྱིས་ཡ་ཀོབ་ནང་དུ་གཤགས་དང་དྲང་ཉིད་བཙུགས།
 ངེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་ཁྱེད་སྟོད་ཅིག ཁོང་ནི་དམ་པ་ལགས་པས་ཞབས་སྟེགས་དྲུང་ཕྱག་ཕུལ།
 ཁོང་གི་བླ་མའི་ཁྲོད་ན་མོ་ཤེ་་ཨ་རོན་དང་། ཁོང་གི་མཚན་ནི་རྗོད་མཁན་ཁྲོད་ལས་ཤ་མུ་ཨེལ། དེ་ཚོས་ཡཱ་ཝཱེར་བོས་ནས་ཁོང་གིས་བཀའ་ལན་གནང་།
 སྤྲིན་གྱི་ཀ་བའི་ནང་ནས་དེ་ཚོར་གསུང་གླེང་བྱས། དཔང་མཛད་དང་ནི་སྤྱད་མཚམས་དེ་ཚོར་གནང་ནས་བསྲུངས།
 ཁྱེད་ཀྱིས་དེ་ཚོར་ངེད་ཀྱི་དཀོན་མཆོག་ཀྱེ་ཡཱ་ཝཱེ། བཀའ་ལན་བསྩལ་ཏེ་དེ་ཚོའི་ལས་འབྲས་བསྟེར་མཛད་ནས། དེ་ཚོའི་སྡིག་པ་སེལ་བའི་དཀོན་མཆོག་ཡོད་པ་ཡིན།
 ངེད་ཀྱི་དཀོན་མཆོག་ཡཱ་ཝཱེ་དམ་པ་ཡིན་པས་ན། ངེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་གཟེངས་བསྟོད་ཅིང་། ཁོང་གི་རི་བོ་དམ་པའི་དྲུང་དུ་ཆོས་ཕྱག་ཕུལ༎