དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༠༡
ཐུགས་རྗེ་དང་གཤགས་དྲང་པོའི་གླུ་ལེན་བྱ། ཁྱེད་ཀྱེ་ཡཱ་ཝཱེར་ང་ཡིས་བསྟོད་དབྱངས་བྱ།
 མཁས་པས་ཚངས་པའི་ལམ་ནང་འགྲུལ་བར་བྱ། ངའི་རྩར་ཁྱེད་ནི་ནམ་ཞིག་འབྱོན་པར་འགྱུར། ཁྱིམ་དུ་སྙིང་གཙང་བཞིན་དུ་ང་འགྲུལ་འོང་།
 མིག་གི་མདུན་དུ་ཐུ་བ་ཅིའང་མི་གཞག ཕྱིན་ཅི་ལོག་པ་རྣམས་ཀྱི་ལས་ངས་སྡང་། དེ་དང་ང་ལ་འབྲེལ་ནི་ཅི་ཡང་མེད།
 སྙིང་ལོག་པར་ཅན་ང་དང་འབྲལ་བར་འགྱུར། ལས་ངན་གང་ཡང་ངས་ནི་ཤེས་མི་འགྱུར།
 ཕག་ནས་ཁྱིམ་མཚེས་པ་ལ་གཏམ་ངན་པ། གཏོང་མཁན་ཚར་བཅད་རང་མཐོང་ཅན་གྱི་མིག སྙིང་ནི་ང་རྒྱལ་ཅན་གཉིས་ངས་མི་བཟོད།
 ང་མཉམ་ཡུལ་མི་དྲང་པོ་རྣམས་གནས་ཕྱིར། བདག་གི་མིག་གིས་དེ་ཚོར་བལྟ་བར་བྱ། ཚངས་པའི་ལམ་ནང་འགྲུལ་བས་ངའི་གཡོག་བྱ།
 མགོ་སླུ་མཁན་རྣམས་ངའི་ཁྱིམ་ནང་མི་གནས། རྫུན་ཅན་ང་ཡི་མིག་མདུན་འཚུགས་མི་འགྱུར།
 ནང་རེར་ཡུལ་གྱི་སྡིག་སྤྱོད་ཀུན་ངས་གཞོམ། དེ་ནི་ཡ་ཧོ་ཝཱ་ཡི་གྲོང་ཁྱེར་ནས། ཉེས་པ་བྱེད་མཁན་རྣམས་ནི་འཕྲལ་ཕྱིར་རོ༎