༩༥
ཤོག་ཅིག་ངེད་ཀྱིས་ཡཱ་ཝཱེར་བསྟོད་དབྱངས་བྱ། ཐར་པའི་བྲག་དྲུང་སྐྱིད་པའི་ཀུ་ཐེག་བྱ།
 གཏང་རག་དང་བཅས་ཁོང་དྲུང་འགྲོ་ཁོང་ལ། གསུང་མགུར་ལེན་ཞིང་སྐྱིད་པའི་ཀུ་ཐེག་བྱ།
 ཅི་ལ་ཞུ་ན་ཡཱ་ཝཱེ་དཀོན་མཆོག་ཆེ། ལྷ་གཞན་ཀུན་ལས་འཕགས་པའི་རྒྱལ་ཆེན་ལགས།
 ས་ཡི་གཏིང་ཟབ་གནས་རྣམས་ཁོང་ཕྱག་ཡོད། རི་བོ་རྣམས་ཀྱི་རྩེ་མོའང་ཁོང་གི་ཡིན།
 རྒྱ་མཚོ་ཁོང་གིས་མཛད་པས་ཁོང་གི་ཡིན། ཡང་ཁོང་ཕྱག་གིས་སྐམ་ས་བཀོད་པ་ཡིན།
 ཤོག་ངེད་འདུད་ཅིང་ཕྱག་འཚལ་ངེད་ཅག་རྣམས། མཛད་པའི་ཡཱ་ཝཱེའི་དྲུང་དུ་པུས་མོ་འཛུག
 ཁོང་ནི་ངེད་ཀྱི་དཀོན་མཆོག་ངེད་ཁོང་གི། ཕྱག་གི་ལུག་དང་རྩྭ་ཁའི་མི་སྡེ་ཡིན། དེ་རིང་ཁོང་གི་གསུང་སྐད་ཐོས་ན་ལེགས།
 མེ་རི་བཱ་རུ་བྱས་ལྟར་དང་མ་སཱའི། ཉིན་མོར་ཐང་སྟོང་ནང་དུ་བྱས་པ་ལྟར། ཁྱོད་ཚོས་རང་སྙིང་གྱོང་པོ་མ་བྱེད་ཅིག
 དེ་དུས་ཁྱོད་ཚོའི་མེས་པོས་ངའི་ཐུགས་སད། ང་ལ་ཚོད་བལྟས་ང་ཡི་ཕྲིན་ལས་མཐོང་།
༡༠ བརྒྱུད་དེས་ལོ་ནི་བཞི་བཅུའི་རིང་དུ་ང་། འཚེར་བཅུག་མི་སྡེ་འདི་ནི་སྙིང་འཁྱོར་ཞིང་། ང་ཡི་ལམ་རྣམས་མ་ཤེས་གསུངས་པ་ཡིན།
༡༡ དེ་ཕྱིར་ང་ཐུགས་ཁྲོས་ནས་མནའ་བསྐྱལ་ཏེ། ང་ཡི་བདེ་བར་དེ་རྣམས་མི་འཇུག་གསུངས༎