༩༤
དགྲ་ལན་ལེན་པའི་དཀོན་མཆོག་ཀྱེ་ཡཱ་ཝཱེ། དགྲ་ལན་ལེན་པའི་དཀོན་མཆོག་མདངས་སྣང་མཛོད།༢ ས་གཞིའི་ཁྲིམས་དཔོན་ཁྱེད་ཉིད་ཡར་བཞེངས་མཛོད། ང་རྒྱལ་ཅན་ཚོར་དགྲ་ལན་འཇལ་བར་མཛོད།
༣ ནམ་གྱི་བར་དུ་སྡིག་སྤྱོད་ཀྱེ་ཡཱ་ཝཱེ། ནམ་གྱི་བར་དུ་སྡིག་སྤྱོད་གླུ་ལེན་འོང་།
༤ དེ་ཚོས་པྲ་ཆལ་གཏམ་དང་ཡུས་ཆེ་ལབ། སྡིག་སྤྱོད་ཚང་མས་རང་མཐོང་སྐྱེད་པར་བྱེད།
༥ ཁྱེད་ཀྱི་མི་སྡེ་འཐག་གོ་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་ནོར་བདག་བུ་ཚོར་དེ་ཚོས་འཚེ།
༦ དེ་ཚོས་མོ་རང་མོ་དང་མི་ཡན་གསོད། དེ་ཚོས་ཕ་མེད་རྣམས་ཀྱི་སྲོག་གཅོད་དོ༎
༧ དེ་ཚོས་ཡཱ་ཝཱེས་མི་གསན་ཡ་ཀོབ་ཀྱི། དཀོན་མཆོག་དེས་ནི་སྣང་རྟགས་མི་མཛད་ཟེར།
༨ མི་སྡེའི་ནང་གི་གླེན་ཤོས་བསམ་བློ་ཐོང་། བླུན་པོ་ཁྱོད་རྣམས་མཁས་པར་ནམ་འགྱུར་འོང་།
༩ རྣ་བ་མཛད་མཁན་ཁོང་གིས་མི་གསན་ནམ། མིག་གི་མཛད་པོས་གཟིགས་པར་མི་འགྱུར་རམ།
༡༠ མི་རིགས་རྣམས་ནི་འཇུན་མཛད་ཅིང་མི་ལ། རིག་པ་སློབ་པས་ཆད་པས་མི་གཅད་དམ།
༡༡ ཡ་ཧོ་ཝཱས་ནི་མི་ཡི་བསམ་པ་རྣམས། དེ་དག་འཚོལ་བ་ཡིན་པ་མངོན་པར་མཁྱེན།
༡༢ ཡཱ་ཝཱེས་ཁྱེད་ཀྱིས་འཇུན་ཞིང་མི་སུ་ལ། ཁྱེད་ཀྱི་བཀའ་ཁྲིམས་སློབ་པ་བདེ་ལེགས་སོ༎
༡༣ སྡིག་སྤྱོད་ཕྱིར་དུ་དོང་འབྲུ་ཚར་བའི་བར། སྡུག་དུས་ལས་ཁྱེད་ཀྱིས་སེམས་བདེ་སྟེར་དུའོ༎
༡༤ ཡཱ་ཝཱེས་ཉིད་ཀྱི་མི་སྡེ་སྤང་མི་བྱ། ཁོང་གི་ས་སྐལ་དེ་ཡང་སྐྱུར་མི་འགྱུར།
༡༥ དྲང་བ་ཉིད་ཕྱོགས་ཁྲིམས་དྲང་འཁོར་བས་ན། སྙིང་དྲང་ཚང་མ་དེའི་རྗེས་འབྲང་བར་འགྱུར།
༡༦ ངའི་ཕྱིར་མི་ངན་རྒོལ་དུ་སུ་ཞིག་ལང་། ངའི་ཕྱིར་སྡིག་སྤྱོད་འཐབ་ཏུ་སུ་ཞིག་བསྒྲེང་།
༡༧ ཡཱ་ཝཱེ་ང་ཡི་ར་མདའ་མ་ཡིན་ཚེ། ངའི་སེམས་ནམ་ནས་ཁ་རོག་སར་བསྡད་ཟིན།
༡༨ རྐང་པ་འདྲེད་ཅེས་ཞུས་དུས་ཁྱེད་ཐུགས་རྗེས། ང་ནི་ཉ་ར་མཛད་དོ་ཀྱེ་ཡཱ་ཝཱེ།
༡༩ ང་ཡི་ཁོག་ནང་སེམས་ཁྲལ་མང་ཡོད་དུས། ཁྱེད་ཀྱི་སེམས་གསོས་ངའི་བློ་བདེ་བར་བྱས།
༢༠ རྒྱལ་ཁྲིམས་ཐབས་ཀྱིས་བྱུས་ངན་རྩོམ་མཁན་གྱི། ངན་པའི་ཁྲི་ལ་ཁྱེད་དང་འབྲེལ་འབྱུང་ངམ།
༢༡ ཆོས་དྲང་སྲོག་ལེན་ཕྱིར་དུ་དེ་རྣམས་འདུ། ནོངས་མེད་མིའི་སྲོག་གཅོད་པའི་ཁྲིམས་གཅོད་དོ༎
༢༢ འོན་ངའི་རྫོང་མཐོ་ཡ་ཧོ་ཝཱ་ཡོད་ཅིང་། ང་ཡི་དཀོན་མཆོག་སྐྱབས་གནས་བྲག་ཏུ་གྱུར།
༢༣ དེ་ཚོའི་ངན་ལན་དེ་ཚོར་སྟེར་མཛད་ཅིང་། དེ་ཚོའི་ངན་ནང་དེ་ཚོ་གཏུབ་མཛད་ཅིང་། ངེད་ཀྱི་དཀོན་མཆོག་ཡཱ་ཝཱེས་གཅོད་པར་འགྱུར༎