༩༣
ཡཱ་ཝཱེས་ན་བཟར་ཟིལ་གསོལ་སྲིད་སྐྱོང་མཛད། ཡཱ་ཝཱེས་མཐུ་ཡི་སྐུ་རགས་ན་བཟའ་གསོལ། དེ་ཕྱིར་འཇིག་རྟེན་མི་གཡོ་བརྟན་པར་གནས།
 སྔར་གྱི་དུས་ནས་ཁྱེད་ཀྱི་རྒྱལ་ཁྲི་བརྟན། ཐོག་མ་མེད་པའི་དུས་ནས་ཁྱེད་ཡོད་དོ༎
 ཆུ་ལོག་རྣམས་ནི་ཁྲུག་སོང་ཀྱེ་ཡཱ་ཝཱེ། ཆུ་ལོག་རྣམས་ཀྱི་འུར་སྒྲ་བཏང་བར་བྱས། ཆུ་ལོག་རྣམས་ཀྱིས་རྦ་རླབས་བསླང་བར་བྱས།
 ཆུ་མང་སྐད་དང་རྒྱ་མཚོའི་རླབས་དྲག་ལས། ཡཱ་ཝཱེ་མཐོ་ཞིང་མཐུ་སྟོབས་ལྡན་པ་ལགས།
 དུས་ནི་གཏན་ཕྱིར་ཡ་ཧོ་ཝཱ་ཁྱེད་ཀྱི། དཔང་མཛད་པ་རྣམས་བདེན་པ་ཡིན་ཁྱེད་ཀྱི། ཕོ་བྲང་ལ་ནི་དམ་པ་ཉིད་མཛེས་སོ༎