ཤབ་བཱད་ཞག་ཕྱིར་མགུར་གླུའི་གསུང་མགུར་ཞིག་ནི།
༩༢
ཡཱ་ཝཱེར་གཏང་རག་འབུལ་བ་དང་། བླ་ན་མེད་ཀྱེ་ཁྱེད་མཚན་ལ། བསྟོད་དབྱངས་འབུལ་བ་དེ་ནི་ལེགས།
༢-༣ སྔ་དྲོར་ཁྱེད་ཀྱི་བྱམས་གཟིགས་དང་། མཚན་མོར་ཁྱེད་ཀྱི་ཐུགས་དྲང་ལ། རྒྱུད་བཅུའི་རོལ་ཆས་དང་པི་ཝང་། སྒྲ་སྙན་སྐད་ཆེན་བཅས་ཤོད་ཅིག
 ཅི་ལ་ཞུ་ན་ཁྱེད་ཡཱ་ཝཱེ། མཛད་པའི་ངང་ནས་ང་དགའ་བཅུག ཁྱེད་ཀྱི་ཕྱག་གི་མཛད་པའི་རྐྱེན། ང་ཡིས་སེམས་སྐྱིད་བྱེད་པར་བྱ།
 ཀྱེ་ཡ་ཧོ་ཝཱ་ཁྱེད་ཉིད་ཀྱི། ཕྲིན་ལས་རྣམས་ནི་ཇི་ལྟར་ཆེ། ཁྱེད་ཀྱི་ཐུགས་དགོངས་རབ་ཏུ་ཟབ།
 བྱོལ་སོང་འདྲ་བའི་མིས་མི་ཤེས། འདི་ནི་གླེན་པས་ཧ་མི་གོ།
 སྡིག་སྤྱོད་སྔོ་འདྲར་སྐྱེ་ངན་བྱེད། མི་ཀུན་དར་ཞིང་རྒྱས་ན་ཡང་། དེ་ནི་ཁོ་རྣམས་དུས་རྒྱུན་ཕྱིར། མེད་པར་འགྱུར་བའི་ཕྱིར་ཡིན་ནོ༎
 འོན་ཀྱང་ཁྱེད་ཀྱེ་ཡཱ་ཝཱེ་ནི། རྟག་ཏུ་ཡར་འཕགས་པ་ལགས་སོ༎
 ཡཱ་ཝཱེ་ཁྱེད་ཀྱི་དགྲ་ཚོར་གཟིགས། གཟིགས་ཤིག་ཁྱེད་དགྲ་རྣམས་འདའ་འོང་། ལས་ངན་བྱེད་ཚད་གཏོར་བར་འགྱུར།
༡༠ འོན་ངའི་རུ་བ་གླང་རྒོད་ཀྱི། རྭ་ལྟར་ཁྱེད་ཀྱིས་མཐོ་བར་བྱས། འབྲུ་མར་གསར་པས་ང་བྱུགས་མཛད།
༡༡ ང་ཡི་མིག་གིས་དགྲ་རྣམས་མཐོང་། ངའི་དགྲར་ལྡང་བའི་ངན་བྱེད་པའི། མི་རྣམས་སྐོར་ནི་ངའི་རྣས་ཐོས།
༡༢ ཆོས་དྲང་ཁ་ཟུར་ཤིང་ལྟར་རྒྱས། ལི་བ་ནོན་གྱི་ཤུག་སྡོང་ལྟར། སྐྱེད་ལ་འོང་བར་འགྱུར་བར་འགྱུར།
༡༣ ཡཱ་ཝཱེ་ཁྱིམ་ནང་བཙུགས་པ་རྣམས། ངེད་ཅག་རྣམས་ཀྱི་དཀོན་མཆོག་གི། སྡེ་ཡངས་རྣམས་ནང་རྒྱས་འགྱུར་ཞིང་།
༡༤ རྒས་པའི་དུས་སུའང་ཤིག་ཐོག་ཆགས། རྩི་བཅུད་ལོ་མས་གང་བར་འགྱུར།
༡༥ དེའི་དོན་ཡཱ་ཝཱེ་ཐུགས་དྲང་ཞིང་། ཁོང་ནི་རང་གི་བྲག་རི་དང་། ཁོང་གི་ནང་ན་མི་རིགས་པ། མེད་པ་དེ་ནི་སྟོན་ཕྱིར་ཡིན༎