༩༡
བླ་ན་མེད་པའི་སྐྱབས་ནང་སྡོད་མཁན་བདེ། ཀུན་དབང་གྲིབ་བསིལ་འོག་ཏུ་སྡོད་པར་འགྱུར།༢ ཡཱ་ཝཱེའི་སྐོར་ངས་ཁོང་ངའི་སྐྱབས་གནས་དང་། རྫོང་ཡིན་གང་ལ་ངས་བློ་གཏད་བྱེད་པའི། བདག་གི་དཀོན་མཆོག་ཡིན་ཞེས་སྨྲ་བར་བྱ།
༣ དེའི་རྒྱུ་ཁོང་གིས་བྱ་པའི་རྙི་དང་ནི། སྲོག་ལེན་རིམས་ནད་ལས་ཁྱོད་སྐྱོབ་པར་འགྱུར།
༤ ཁོང་གི་ཤོག་པས་ཁྱེད་རང་འགེབས་པར་བྱ། ཁོང་གི་འདབ་ཤོག་འོག་ཏུ་སྐྱབས་གནས་རྙེད། ཁོང་གི་བདེན་ཉིད་ཕུབ་དང་ཕ་ལི་ཡིན།
༥ མཚན་མོའི་འཇིགས་པའམ་ཉིན་མོར་འཕུར་བའི་མདའ།
༦ མུན་པར་འཁོར་བའི་གཉན་ནད་དང་ཉིན་གུང་། གསོད་པའི་སྟོངས་བྱེད་ལ་ཁྱེད་འཇིགས་མི་འགྱུར།
༧ མི་སྟོང་ཁྱེད་ཀྱི་གློ་དུ་འགྱེལ་འགྱུར་ཞིང་། ཁྲི་ཕྲག་ཁྱེད་ཀྱི་གཡས་སུ་འགྱེལ་འགྱུར་ཡང་། དེ་ནི་ཁྱེད་དང་ཉེ་བར་འོང་མི་འགྱུར།
༨ ཁྱོད་ཀྱི་མིག་འབའ་ཞིག་གིས་བལྟ་བྱེད་ཅིང་། སྡིག་སྤྱོད་ལ་ནི་ལ་ཡོགས་འཕོག་པ་མཐོང་།
༩ འོན་ཀྱེ་ཡཱ་ཝཱེ་ཁྱེད་ངའི་སྐྱབས་གནས་ཡིན། ཁྱེད་ཀྱིས་རང་ཕྱིར་བླ་མེད་གནས་ཚང་བྱས།
༡༠ ཁྱེད་ཐོག་རྐྱེན་ངན་ཅི་ཡང་མི་འབྱུང་ཞིང་། ཁྱེད་ཀྱི་གུར་མདུན་གཉན་ནད་སླེབ་མི་འགྱུར།
༡༡ ཁྱེད་ལམ་ཀུན་ནང་སྲུང་ཕྱིར་ཁོང་ཉིད་ཀྱི། ཕོ་ཉ་རྣམས་ལ་བཀའ་སྩལ་མཛད་འོང་བས།
༡༢ རྡོ་ལ་ཁྱེད་ཀྱི་ཞབས་མི་ཕོག་པའི་ཕྱིར། དེ་ཚོའི་ལག་པར་ཁྱེད་ནི་འཁུར་བར་འགྱུར།
༡༣ ཁྱེད་ཀྱིས་སེང་གེ་དང་ནི་དུག་སྦྲུལ་རྫི། སྦྲུལ་དང་སེང་ཕྲུག་ཞབས་འོག་རྫི་བར་འགྱུར།
༡༤ དེའི་སེམས་ང་ལ་ཆགས་པས་ཁོ་བསྒྲལ་བྱ། དེས་ངའི་མཚན་ངོ་ཤེས་པས་མཐོ་བར་བྱ།
༡༥ དེ་ཡིས་ང་ལ་འབོད་འོང་ངས་ལན་གཏང་། ཉོན་མོངས་ནང་ང་ཁོ་མཉམ་བཞུགས་པར་བྱ། ངས་ཁོ་སྒྲོལ་ཞིང་སྟི་སྟང་ཅན་དུ་བྱ།
༡༦ ཚེ་རིང་བ་ཡིས་ངས་ཁོ་ཚིམ་བྱ་ཞིང་། ང་ཡི་ཐར་ལམ་དེ་ལ་སྟོན་པར་བྱ༎