ཀོ་རཱའི་བུ་རྣམས་ཀྱི་མགུར་མའི་གསུང་མགུར་ཞིག་ནི།
༨༧
རི་དམ་པར་ཁོང་གི་གདན་གཞི་ཡོད་པ་ཡིན། ༢ ཡ་ཀོབ་ཀྱི་གནས་ཚང་ཀུན་ལས་ཡ་ཧོ་ཝཱས། ཙི་ཨོན་གྱི་སྒོ་རྣམས་ལྷག་པར་གཅེས་པར་འཛིན།༣ དཀོན་མཆོག་གི་གྲོང་ཁྱེར་ཀྱེ་ཧོ་ཁྱེད་ཀྱི་སྐོར། རབ་ཏུ་སྙན་གྲགས་པའི་གཏམ་རྣམས་སྨྲ་བར་བྱེད། [སེ་ལཱ།]
༤ ང་ཡི་ངོ་ཤེས་པའི་ནང་ནས་ར་ཧབ་དང་། བ་བི་ལོན་ཡིན་ཞེས་ང་ཡིས་ཟེར་བར་བྱ། ཕེ་ལེ་ཤེད་དང་ནི་ཚོར་དང་ཀུས་ལ་ལྟོས། འདི་ནི་དེར་སྐྱེས་སོ་ངས་ནི་ཟེར་བར་བྱ།
༥ མི་འདི་ནི་དེར་དང་མི་དེ་འདིར་སྐྱེས་ཞེས། ཙི་ཨོན་སྐོར་ཟེར་ཡོང་བླ་ན་མེད་པ་ཁོང་། ཉིད་ཀྱིས་ནི་དེ་ནི་བརྟན་པོར་འཛུག་པར་འགྱུར།
༦ ཡ་ཧོ་ཝཱས་མི་སྡེ་རྣམས་ཀྱི་མི་རྩི་དུས། མི་དེ་དེར་སྐྱེས་ཞེས་འབྲི་བར་མཛད་པར་འགྱུར།
༧ ངའི་ཆུ་མིག་ཐམས་ཅད་ཁྱེད་ནང་ཡོད་དོ་ཅེས། གླུ་མཁན་དང་གར་མཁན་རྣམས་ཀྱིས་ཞུ་བར་འགྱུར༎