དཱ་བིད་ཀྱི་གསོལ་འདེབས་ཤིག་ནི།
༨༦
ང་ནི་འཕོངས་ཤིང་དགོས་འདོམ་ཅན་ཡིན་པས། སྙན་དགུས་བཀའ་ལན་གནོང་ཞིག་ཀྱེ་ཡཱ་ཝཱེ།
 ང་ཆོས་དྲང་བས་ངའི་སྲོག་སྲུང་མཛོད་ཅིག ཀྱེ་ངའི་དཀོན་མཆོག་ཁྱེད་ལ་བློ་གཏད་པའི། ཁྱེད་ཀྱི་གཡོག་པོ་སྐྱོབ་པར་མཛད་དུ་གསོལ།
 ཉིན་གང་ཁྱེད་ལ་འོ་དོད་ངས་འབོད་པས། ང་ལ་སྙིང་རྗེ་མཛོད་ཅིག་ཀྱེ་ཡཱ་ཝཱེ།
 གཙོ་བོ་བཟང་ཞིང་བཤགས་པ་མཛད་དུ་ཁྱེད། གྲལ་འགྲིག་བཞུགས་ཤིག་ཁྱེད་མཚན་བརྗོད་ཚད་ལ། ཁྱེད་ནི་སྙིང་རྗེ་དཔག་མེད་ལྡན་པས་ན།
 ངའི་སེམས་ཁྱེད་ཕྱོགས་འདེགས་པས་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་གཡོག་པོའི་སེམས་དེ་སྐྱིད་པོ་མཛོད།
 ང་ཡི་སྨོན་ལམ་སྙན་གཏོད་ཀྱེ་ཡཱ་ཝཱེ། བདག་གི་འཕྲིན་བཅོལ་སྐད་དེ་གསན་པར་མཛོད།
 ཁྱེད་ཀྱིས་ང་ལ་བཀའ་ལན་གནང་འོང་བས། སྙོན་མོངས་དུས་ངས་ཁྱེད་ལ་འབོད་པར་བྱ།
 གཙོ་བོ་ཁྱེད་འདྲ་ལྷའི་ཁྲོད་གང་ཡང་མེད། ཁྱེད་ཀྱི་མཛད་པ་དཔེ་ཟླ་དང་བྲལ་ལོ༎
 ཁྱེད་ཀྱིས་མཛད་པའི་མི་རིགས་ཀུན་འོང་ཞིང་། ཁྱེད་དྲུང་ཕྱག་འཚལ་བར་བྱ་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་མཚན་ལ་བསྟོད་ཅིང་བསྔགས་པར་འགྱུར།
༡༠ ཁྱེད་གཅིག་དཀོན་མཆོག་ལགས་ཏེ་ཁྱེད་ཆེ་བས། ངོ་མཚར་རྨད་བྱུང་བ་རྣམས་ཁྱེད་ཀྱིས་མཛད།
༡༡ ང་ལ་ཁྱེད་ཀྱི་ལམ་སྟོན་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་བདེན་པའི་ནང་ང་འགྲུལ་བར་བྱ། ཁྱེད་ཀྱི་མཚན་ལ་འཇིགས་ཕྱིར་ངའི་སྙིང་ཧྲིལ།
༡༢ ཁྱེད་ཀྱིས་ངའི་སེམས་གཤིན་ཡུལ་ལས་བཏོན་ཏེ། ངའི་ཐོག་ཁྱེད་ཀྱི་སྙིང་རྗེ་ཆེ་བས་ན།
༡༣ ཀྱེ་ངའི་དཀོན་མཆོག་ཡཱ་ཝཱེ་ཁྱེད་ལ་ངས། ངའི་སྙིང་ཧྲིལ་པོས་ཁྱེད་ལ་བསྟོད་བསྔགས་ཤིང་། ཁྱེད་ཀྱི་མཚན་གྱི་ཆེ་བ་བརྗོད་པར་བྱ།
༡༤ ཀྱེ་ཧོ་དཀོན་མཆོག་རང་མཐོང་ཅན་རྣམས་ངའི། དགྲར་ལངས་དྲག་ཤུལ་ཅན་གྱི་མི་ཚོགས་ཀྱིས། བདག་གི་སྲོག་གི་ཕྱི་བཞིན་བདའ་བར་བྱེད། དེ་ཚོས་ཁྱེད་ནི་མིག་རྟེན་དུ་མི་འཛིན།
༡༥ འོན་ཀྱང་གཙོ་བོ་ཁྱེད་ནི་སྙིང་རྗེ་དང་། ཐུགས་རྗེ་ཅན་གྱི་དཀོན་མཆོག་ཅིག་ལགས་པས། ཐུགས་ཁྲོ་མཛད་དུ་འགོར་ཞིང་སྙིང་རྗེ་དང་། བདེན་པ་ཉིད་ནང་ཁྱེད་ནི་ཕྱུག་པོ་ལགས།
༡༦ ངའི་ཕྱོགས་ཞལ་སྒྱུར་ང་ལ་སྙིང་རྗེ་མཛོད། ཉིད་ཀྱི་གཡོག་པོར་ཁྱེད་ཀྱིས་སྟོབས་གནང་ཞིང་། ཁྱེད་ཀྱི་གཡོག་མོའི་བུ་དེ་སྐྱོབ་པར་མཛོད།
༡༧ ཡཱ་ཝཱེ་ཁྱེད་ཀྱིས་གྲོགས་མཛད་ང་ཡི་སེམས། གསོས་པ་སྡང་དགྲས་མཐོང་ནས་ངོ་ཚ་ཕྱིར། ང་ལ་བཟང་བའི་ལྟས་ཤིག་སྟོན་པར་མཛོད༎